དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥེ་རི་ཁར་དམིགས་པའི་སྒོ་ཁྲལ་རྩ་ཆག་སྲིད་ཇུས་ཀྱིས་ཀྲུང་ཨའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུང་ལི།   |     སྤེལ་དུས།  2026-05-06

    རྒྱལ་སྤྱིའི་གླེང་སྟེགས།

    ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོར་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ལ་སྒོ་ཁྲལ་རྩ་ཆག་སྲིད་ཇུས་ལག་ལེན་བསྟར་མཁན་གྱི་དཔལ་འབྱོར་དངོས་ཚན་གཙོ་བོ་ཐོག་མ་དེར་གྱུར་ཞིང་། དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེར་རྣམ་པ་གསར་པ་བཏོད་པ་དང་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། ཡོ་ལང་ཆེ་བའི་འཛམ་གླིང་ལ་སྒོ་དབྱེ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་གྱི་ཤར་ཕྱོགས་ཀྱི་བློ་གྲོས་དེ་བས་ཀྱང་མངོན་པར་བྱས་ཡོད།

    ཟླ་5ཚེས་1ཉིན་ནས་བཟུང་། ཀྲུང་གོས་ཨ་ཧྥེ་རི་ཁ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་རྩ་ཆག་གི་བྱེད་ཐབས་དངོས་སུ་ལག་ལེན་བསྟར་ཡོད། ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དེ་ལས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོར་ཨ་ཧྥེ་རི་ཁ་དང་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་ལ་སྒོ་ཁྲལ་རྩ་ཆག་གི་སྲིད་ཇུས་ལག་ལེན་བསྟར་མཁན་གྱི་དཔལ་འབྱོར་དངོས་ཚན་གཙོ་བོ་ཐོག་མ་དེར་གྱུར་ཞིང་། དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེར་རྣམ་པ་གསར་པ་བཏོད་པ་དང་སྒུལ་ཤུགས་གསར་པ་བསྣན་ཡོད་ལ། ཟང་ཟིང་ཆེ་བའི་འཛམ་གླིང་ལ་སྒོ་དབྱེ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་གྱི་ཤར་ཕྱོགས་ཀྱི་བློ་གྲོས་དེ་བས་ཀྱང་མངོན་པར་བྱས་ཡོད།

    2005ལོར་ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་འགོར་ཤོས་རྒྱལ་ཁབ་ཀྱི་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་ཁག་གཅིག་ལ་སྒོ་ཁྲལ་རྩ་ཆག་གི་ཐོབ་ཐང་ཐོག་མར་ལག་བསྟར་བྱས་ཤིང་། དེ་རྗེས་ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་ངོས་འཕེལ་རྒྱས་ཀྱི་ཆུ་ཚད་གཞིར་བཟུང་། སྒོ་ཁྲལ་རྩ་ཆག་གི་ཁྱབ་ཁོངས་ཟམ་མི་ཆད་པར་ཆེ་རུ་བཏང་བ་སྟེ། 2010ལོར་ཀྲུང་གོས་འཕེལ་རྒྱས་འགོར་ཤོས་ཀྱི་རྒྱལ་ཁབ་33ནས་ཐོན་སྐྱེད་བྱས་པའི་དཔྱ་ཁྲལ་རྣམ་གྲངས་ཀྱི་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཚོང་ཟོག་4762ལ་སྒོ་ཁྲལ་རྩ་ཆག་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཁྱབ་བསྒྲགས་བྱས་པ་ལས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་26ཚུད་ཡོད། དེ་རྗེས་ཁག་ཐེངས་བགོས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གཅིག་གི་སྒོ་ཁྲལ་རྩ་ཆག་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་ཀྱི་བསྡུར་གྲངས་98%བར་མཐོ་རུ་གཏོང་རྒྱུ་རེད། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་། ཀྲུང་གོས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་འགོར་ཤོས་ཀྱི་རྒྱལ་ཁབ་33ལ་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་100%ལ་སྒོ་ཁྲལ་རྩ་ཆག་གི་སྲིད་ཇུས་ལག་ལེན་བསྟར་ཡོད། ད་ཆ། སྲིད་ཇུས་དེ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ཚང་མར་ལག་ལེན་བསྟར་ཡོད། སྒོ་དབྱེའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་གཞི་ཁྱོན་ཇེ་ཆེར་ཕྱིན་ཞིང་། 2005ལོར་ཨ་སྒོར་དུང་ཕྱུར་400མ་ཟིན་པ་ནས་2025ལོའི་ཨ་སྒོར་དུང་ཕྱུར་3480བར་འཕར་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ལ་སྒོ་ཁྲལ་རྩ་ཆག་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་ནི་འདས་ཟིན་པའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་བཏང་བ་ཞིག་རེད་ལ། དུས་མཚམས་རྗེས་མའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་རིམ་སྤོར་ལ་རྨང་གཞི་བརྟན་པོ་བཏིང་བ་ཞིག་ཀྱང་རེད།

    ཨ་ཧྥེ་རི་ཁར་ལག་ལེན་བསྟར་བའི་སྒོ་ཁྲལ་རྩ་ཆག་གི་བྱེད་ཐབས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དང་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་སོགས་ལ་མཐུན་སྦྱོར་གྱིས་ཤུགས་སྣོན་བརྒྱབ་ཚེ། ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཁྲོམ་རར་ཞུགས་འཐུས་ཀྱི་སྔོན་དཔག་སྔར་བས་བརྟན་པ་དང་ཐོན་རྫས་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་གལ་ཆེན་ནང་བདེ་བླག་ཞུགས་ཐུབ་ཚེ། མ་འཇོག་རྒྱ་ཆེར་གཏོང་བ་དང་། ཐོན་ནུས་ཆེ་རུ་གཏོང་བ། སྤུས་རྟགས་གཏོད་པ་བཅས་ཀྱི་ཨ་ཧྥེ་རི་ཁའི་ཐོན་སྐྱེད་པའི་སྒུལ་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།

    ཨ་ཧྥེ་རི་ཁར་ལག་ལེན་བསྟར་བའི་སྒོ་ཁྲལ་རྩ་ཆག་བྱེད་ཐབས་དེ་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་100%ལ་ཁྱབ་པ་མ་ཟད། ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་བྱས་མེད་པ་དེ་ཐོག་ནས་ལྷོ་ལྷོ་མཉམ་ལས་ཀྱི་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་གང་ལེགས་མཚོན་ལ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཕན་ཚུན་གཉིས་ཕན་མཉམ་ལས་གཏིང་ཟབ་བྱེད་པར་མིག་དཔེ་ཡང་བསྟན་ཡོད།

    མ་འོངས་པར་རྒྱང་ལྟ་བྱས་ན། ཀྲུང་གོས་ཨ་ཧྥེ་རི་ཁར་ལག་ལེན་བསྟར་བའི་སྒོ་ཁྲལ་རྩ་ཆག་བྱེད་ཐབས་ཀྱི་ཕན་འབྲས་བསྟུད་མར་ཐོན་རྒྱུ་དང་ཆབས་ཅིག ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཚོང་དོན་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་དང་། ཚོང་དོན་གྲུབ་ཚུལ་ཟམ་མི་ཆད་པར་ལེགས་སུ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་མཉམ་འདྲེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཅས་ཕྱིན་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་བར་སྲ་བརྟན་རང་བཞིན་དང་དྲང་ནུས་སྔར་བས་མང་པོ་སྣོན་ཐུབ་རེ་ཡོད། རྒྱལ་ཁབ་སྔར་བས་མང་པོས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་དཔལ་འབྱོར་གོ་ལ་ཅན་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

    (རྩོམ་པ་པོ་ནི་པེ་ཅིང་གྲོང་ཁྱེར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ་ཡིན) 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།