དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་རྐྱང་རིང་ལུཌ་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས”

    —— ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཕྱེད་གླིང་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཧྥར་ཧཱ་ནཱ•ཧྥ་ལུའུ་ཁེར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཙོའུ་སུང་།   |     སྤེལ་དུས།  2026-05-06


    “གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཉིན་བཞིན་མང་དུ་འགྲོ་བ་དང་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྒྱབ་ལྗོངས་འོག གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་ཡོད”ཉིན་ཤས་གོང་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཕུའུ་ཕྱེད་གླིང་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཧྥར་ཧཱ་ནཱ•ཧྥ་ལུའུ་ཁེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་དམིགས་ཡུལ་ནི་དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་པར་སྐུལ་འདེད་གཏོང་བ་དང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་རྣམ་པ་ཞིག་མངོན་འགྱུར་བྱ་རྒྱུ་ཡིན་པ་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

    གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་དུས་རབས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་ཤིག་རེད། “ད་ཡོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་འཐུས་སྒོ་མི་ཚང་བ་དང་ལུགས་དང་མི་མཐུན་པའི་ཆ་མང་པོ་ཡོད་ལ་ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ལ་ལས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལག་ལེན་བསྟར་ནས་ཕྱོགས་མང་རིང་ལུགས་ལ་རྡབ་རྡེག་ཚབས་ཆེན་བཟོས་པས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་མཚལ་ཡིག་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། གཞན་ཡང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་བལྟོས་བཅས་ཀྱིས་མི་འདང་བས་ལུགས་མཐུན་གྱི་རེ་ཞུ་གང་ལེགས་མངོན་དཀའ་བར་གྱུར་ཡོད། ཧྥ་ལུའུ་ཁེ་ཡིས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ལྟེ་བའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལམ་སྲོལ་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་དང་འཛུགས་སྐྱོང་ལ་ཞུགས་པར་རམ་འདེགས་བྱེད་དགོས་ཞེས་བརྗོད།

    “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དེ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད”ཧྥ་ལུའུ་ཁེ་ཡིས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ནི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་དགོས་མཁོར་དོ་ཁུར་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་དེ་ཉིད་ཀྱིས་དགེ་མཚན་དེ་བས་ཆེ་བ་འདོན་པར་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད།

    “གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་མཁན་གྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཡིན་པའི་ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད”ཧྥ་ལུའུ་ཁེ་ཡིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་དཔེ་བཞག་ནས་ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཉམ་དུ་ལག་རྩལ་ཞིབ་སྤེལ་དང་ནུས་པ་འཛུགས་སྐྱོང་ཐད་མཉམ་ལས་ཧུར་ཐག་བྱས་ཏེ་ལྕགས་ལམ་དང་། འཇིག་རྟེན་འཕུར་སྐྱོད། དྲ་ཚོང་སོགས་ཁྱབ་ཁོངས་སུ་ཨ་ཧྥེ་རི་ཁའི་རྒྱུན་མཐུད་རུང་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་གྲངས་འཛིན་བཅོས་སྐྱོང་ལ་ཞུགས་པར་གོ་སྐབས་མཁོ་འདོན་བྱས་ཡོད། ཀྲུང་གོས་མོ་ཙམ་པི་ཁེ་དང་མཉམ་ལས་བྱས་ཏེ་རྒྱ་མཚོ་སྲུང་སྐྱོང་རྣམ་གྲངས་སྤེལ་ནས་ས་གནས་དེ་གའི་རྒྱ་མཚོའི་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཡོད་ཅེས་བརྗོད།

    ཧྥ་ལུའུ་ཁེ་ཡིས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོས་གོ་ལ་ཧྲིལ་པོ་དང་ཁུལ་ཁོངས་ཀྱི་ཕྱོགས་མང་ལམ་སྲོལ་གྱིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་པར་རྒྱབ་སྐྱོར་བྱས་ཏེ་མཐོང་ཆུང་རང་བཞིན་དང་གཞན་ཕྱིར་འབུད་རང་བཞིན་གྱི་བཀོད་སྒྲིག་གང་རུང་འགོག་དགོས་པའི་ངོས་འཛིན་བྱས་པ་རེད། “ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། ‘རྒྱུད་གཅིག་ལམ་གཅིག’གི་མཉམ་སྐྲུན་གྲོས་འགོ་སོགས་ཕྱོགས་མང་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་གོ་ལ་ཧྲིལ་པོ་དང་ཁུལ་ཁོངས་ཀྱི་ལས་དོན་ལ་ཧུར་ཐག་ཞུགས་པ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས”ཞེས་ཧྥ་ལུའུ་ཁེ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།