ཀྲུང་གོ་ཕྱོགས་ཀྱིས《ཁེ་རོའི་བསྒྲགས་གཏམ》སྤེལ་ཡུལ་དུ་དྲན་གསོའི་རྡོ་རིང་བཙུགས་པ།
《ཁེ་རོའི་བསྒྲགས་གཏམ》གྱིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ། དེ་ནི་ཐའེ་དབན་འདི་ཉིད་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་མངའ་ཁོངས་ཡིན་པ་གཏན་འཁེལ་བྱེད་པའི་ལོ་རྒྱུས་དང་ཁྲིམས་གཞིའི་གཞི་འཛིན་ས་གལ་ཆེན་ཞིག་ཀྱང་ཡིན་ཞིང་། དེ་དང་ཕྱིས་སུ《ཁེ་རོའི་བསྒྲགས་གཏམ》གྱི་གཏན་འབེབས་བསྐྱར་བསྒྲགས་བྱས་པའི《པོ་ཚེ་ཐན་སྤྱི་བསྒྲགས》སོགས་བཅའ་ཁྲིམས་ཀྱི་ནུས་པ་ལྡན་པའི་ཡིག་ཆ་རབ་དང་རིམ་པ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། 《ཁེ་རོའི་བསྒྲགས་གཏམ》ལ་ཨེ་ཅིབ་ཀྱི་སྨི་ནཱ་ཕོ་བྲང་གསོལ་མགྲོན་ཁང་དུ་གྲོས་མཐུན་བྱུང་བར་དྲན་གསོ་ཞུ་ཆེད། ཀྲུང་གོ་ཕྱོགས་ཀྱིས་སྨི་ནཱ་ཕོ་བྲང་གསོལ་མགྲོན་ཁང་དུ་དྲན་གསོའི་རྡོ་རིང་བཙུགས་པ་རེད། མིག་སྔར་རྡོ་རིང་འཛུགས་ཡུལ་ཉམས་གསོ་བྱེད་བཞིན་ཡོད་པ་དང་ལས་མཇུག་འགྲིལ་རྗེས་སྤྱི་དམངས་ལ་སྒོ་མོ་འབྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།