ཅང་སུའུ་ལེན་ཡུན་ཀང་གྲུ་ཁར་དུས་ཆེན་རིང་ལས་མཚམས་མ་བཞག་པར་རླངས་འཁོར་ཕྱིར་གཏོང་བྱེད་པར་བྲེལ་བ།

“ལྔ་གཅིག”གུང་གསེང་རིང་། ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་ཁའི་གྲུ་དོན་ཡན་ལག་ཀུང་སིའི་བཟོ་པས་ཆུ་ཚོད་24རིང་ལས་གནས་བརྟན་པོར་བསྲུངས་ཏེ་རང་རྒྱལ་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་ཁག་རེ་རེ་བཞིན་གྲུ་གཟིངས་ནང་བླུགས་ཏེ་མཚོ་ཐོག་ནས་ཕྱི་རྒྱལ་དུ་དབོར་གྱི་ཡོད་ཅིང་། 2026ལོ་ནས་བཟུང་ལེན་ཡུན་ཀང་གྲུ་ཁར་སྒྲིལ་འཇུག་གྲུ་གཟིངས་ཀྱི་གྲུ་ལམ་བརྒྱུད་འཁོར་རིགས་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་ཤར་གཏོང་བྱས་ཏེ་འབེབས་འཇུག་ལས་རིམ་ལེགས་སུ་བཏང་བས་ཕྱིར་གཏོང་འཁོར་རིགས་མགྱོགས་མྱུར་འཕར་བའི་འཕེལ་ཕྱོགས་རྒྱུན་མཐུད་རྒྱུན་འཁྱོངས་ཐུབ་པ་རེད། འདི་ནི་ཅང་སུའུ་ཞིང་ཆེན་ལེན་ཡུན་ཀང་གྲུ་ཁའི་ཤར་ཕྱོགས་གྲུ་དོན་ཡན་ལག་ཀུང་སིའི་གྲུ་ཁར་སྒྲིལ་འཇུག་གྲུ་གཟིངས་ཀྱིས་ཕྱིར་གཏོང་རླངས་འཁོར་བླུགས་བཞིན་པ།
འབྲེལ་ཡོད་གསར་འགྱུར།