དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་མང་པོའི་སློབ་མས་ས་ཡུལ་དངོས་སུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་དང་ཉམས་མྱོང་ཤེས་རྟོགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-06

    ཉེ་ཆར། པེ་ཅིང་སློབ་ཆེན“ཤར་ཕྱོགས་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ”གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མའི་འཐུས་མི་ཚོགས་པ་ཧྲང་ཧའེ་རུ་འཚམས་འདྲིར་བསྐྱོད་དེ་ཧྲང་ཧའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། གྲོང་ཁྱེར་བཅོས་སྐྱོང་། ཚན་རྩལ་གསར་གཏོད་བཅས་ཀྱི་གྲུབ་འབྲས་ཤེས་ཚོར་བྱས་ནས་ཟུར་ཚད་མང་བ་དང་ཕྱོགས་བསྡུས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ཉམས་མྱོང་ཤེས་རྟོགས་བྱས་པ་རེད།

    འཐུས་མི་ཚོགས་པ་དེ་རྒྱལ་ཁབ་དང་ས་ཁུལ་57གྱི་སློབ་མ་ལས་གྲུབ་པ་དང་། སྔ་རྗེས་སུ་ཀྲུང་གུང་ཚོགས་ཆེན་དང་པོ་འཚོག་ཡུལ་དང་། དབྱང་ཧྲན་ཀང་གི་དུས་ཐེངས་བཞི་པའི་གྲུ་ཁ། ཚའོ་ཧོ་ཅིང་གསར་སྤེལ་ཁུལ་གྱི་མི་དབྱིབས་འཕྲུལ་མི་བཟོ་ཁང་། ཧྲང་ཧའེ་ཡི་གཞི་རིམ་སྡེ་ཁུལ་ཁྲོམ་གཞུང་སོགས་སུ་འཚམས་འདྲིར་བསྐྱོད་པ་མ་ཟད། ད་དུང་ཧྲང་ཧའེ་གྲོང་ཨུད་ཏང་གི་སློབ་གྲྭར་རྒྱལ་ནང་མཐོ་སློབ་ཀྱི་མཁས་དབང་དང་བཞུགས་མོལ་སྤེལ་རེས་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།