དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡར་ཀླུང་གཞུང་དུ་དཔྱིད་རླུང་དྲོན་མོ་ལྡང་། ཏང་གི་གསུང་སྒྲས་དམངས་སེམས་བདེ་ལ་བཀོད།

    —— འཕྱོངས་རྒྱས་རྫོང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་ས་མཐོར་དྲིལ་བསྒྲགས་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-06

    འདི་ནི་འཕྱོངས་རྒྱས་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་འཕྱོངས་རྒྱས་གྲོང་རྡལ་ཆ་ཚང་སློབ་ཆུང་དུ་བསྐྱོད་ནས་སློབ་མ་ཚོར་དྲ་རྒྱའི་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    འདི་ནི་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་རྒན་རྒོན་ཚོས་རིག་ལྡན་ཁྱིམ་སྡོད་ཞབས་ཞུའི་ས་ཚིགས་ཀྱི་ལུས་གསོ་ཁུལ་གྱི་འཕུར་མཉེད་རྐུབ་སྟེགས་ཐོག་འཕུར་མཉེད་བྱེད་བཞིན་པ།

    ཉིན་ཤས་བསྟུད་མར། འཕྱོངས་རྒྱས་རྫོང་གིས“མི་བརྒྱ་ཡིས་ས་ཚིགས་ཁྲིར་སྒྲོག་འགྲེལ་ཐེངས་ཆིག་སྟོང་བྱེད་པའི”ཤེས་དཔལ་ལག་ལེན་དཔེ་སྟོན་སྒྲོག་འགྲེལ་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ་གྲོང་གསེབ་ཀྱི་གར་སྟེགས་དང་། ཇ་ཁང་། ཞིང་ནང་དང་མུ་ཁ་བཅས་སུ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་མང་ཚོགས་ཚོས་གོ་བདེ་ཤེས་སླའི་རྣམ་པའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་གངས་ལྗོངས་ས་མཐོའི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ནས། གྲོང་གསེབ་དར་རྒྱས་ལ་བསམ་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བར་བྱས་ཡོད།

    སྒྲོག་འགྲེལ་བྱ་ཐབས་གསར་གཏོད་བྱས་ནས་མང་ཚོགས་དང་བར་ཐག་ཉེ་རུ་བཏང་བ།

    ཡིག་ཆ་སྒྲོག་སྦྱང་ཙམ་བྱེད་པའི་སྒྲོག་འགྲེལ་བྱེད་སྟངས་དོར་ནས་འཕྱོངས་རྒྱས་རྫོང་གིས་ས་མཐོའི་ཞིང་འབྲོག་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་སྲོལ་རྒྱུན་སྒྲོག་འགྲེལ་གྱི་བཀག་རྒྱ་མེད་པར་བཟོ་བ་དང་། སྣ་མང་ཅན་དང་མང་ཚོགས་དང་འབྲེལ་འདྲིས་ཡོང་བའི་སྒྲོག་འགྲེལ་བྱ་ཐབས་གསར་གཏོད་བྱས་ཏེ། རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པ་དེ“ཕྱོགས་གཅིག་ཁོ་ནས་སྒྲོག་འགྲེལ་བྱེད་པ”ནས“ཕྱོགས་གཉིས་མཉམ་འགུལ”ཡོང་བར་བྱས་ཡོད་པ་རེད།

    སྒྲོག་འགྲེལ་པ་ཚོས“སྲིད་ཇུས་གསལ་འགྲེལ་བ”བྱས་ནས་གོ་དཀའ་བའི་ཆེད་ལས་ཀྱི་ཐ་སྙད་རྣམས་དོར་ནས་རྒྱ་བོད་སྐད་གཉིས་དང་ཡུལ་སྐད་གཙང་མ་སྤྱད་ནས“1+3”གྱི་འདུ་ཤེས་བཞི་དང་། “ལོ་རྒྱུས་ལྔ” བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སོགས་རིགས་པའི་གཞུང་ལུགས་ཀྱི་ནང་དོན་དག་གོ་བདེ་ཤེས་སླའི་སྐད་ཆ་དང་གནས་ལུགས་ངོ་མར་འགྱུར་བར་བྱས་ཡོད་པ་རེད།

    སྡེ་ཁུལ་གྱི་གར་སྟེགས་ཐོག་རིག་རྩལ་འཁྲབ་སྟོན་དང་ཟུང་འབྲེལ་བྱེད་པའི་མཉམ་འགུལ་རྣམ་པའི་སྒྲོག་འགྲེལ་དང་། ཡང་ན་ཇ་ཁང་ནང་འཛོམས་ནས་ཅི་འཕྲོས་མོལ་འཕྲོས་ཀྱི་རྣམ་པའི་སྒྲོག་འགྲེལ། དེ་བཞིན་གྲོང་གསེབ་ཀྱི་སྒོ་རའི་ནང་སྔ་རྒྱུས་ད་རྒྱུས་ཤོད་པའི་སྤེལ་རེས་བཅས་གང་ཞིག་ཡིན་རུང་། སྒྲོག་འགྲེལ་པ་ཚོས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་དམ་པོར་དམིགས་ཏེ་རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་དང་། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན། མང་ཚོགས་ཉེ་འགྲམ་གྱི་ཐོན་ལས་འཕེལ་རྒྱས་དང་། སྨན་བཅོས་འགན་སྲུང་། སློབ་གསོའི་རོགས་སྐྱོར་སོགས་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་ཉེ་འཁོར་གྱི་མིས་ཉེ་འཁོར་གྱི་དོན་དག་ཤོད་པ་དང་ཉེ་འཁོར་གྱི་དོན་དག་ལ་གཞིགས་ནས་ཉེ་འཁོར་གྱི་གནས་ལུགས་བཤད་ཡོད་པ་རེད།

    སྒྲོག་འགྲེལ་འཐབ་ས་རྒྱ་ཆེར་བཏང་ནས་ཤེས་དཔལ་སྲོལ་གསར་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ།

    འཕྱོངས་རྒྱས་རྫོང་གིས་གཏན་འཇགས་སྒྲོག་འགྲེལ་བྱ་ཡུལ་གྱི་ཚོད་འཛིན་མེད་པར་བཟོས་ནས། གཞི་རིམ་གྱི་འཐབ་སའི་ཐོན་ཁུངས་སྣ་ཚོགས་གང་ལེགས་སྤྱད་དེ་མང་ཚོགས་གང་དུ་ཡོད་ན་དེ་གར་སྒྲོག་འགྲེལ་བྱས་པ་རེད།

    གྲོང་གསེབ་ཀྱི་གར་སྟེགས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དེ་ཉིད་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་པའི“འཐབ་ས་གཙོ་བོར”འགྱུར་བར་བྱས་ཏེ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་67འཁོར་བར་དྲན་གསོ་ཞུ་བ་དང“གཤམ་སྤེལ་གསུམ”སོགས་ཀྱི་བྱེད་སྒོར་བརྟེན་ནས་འཕྱོངས་རྒྱས་རྫོང་གིས་སྒྲོག་འགྲེལ་དང་རིག་རྩལ་མཉམ་འཁྲབ་དང་དམངས་སྲོལ་བྱེད་སྒོ་མཉམ་འདྲེས་གཏིང་ཟབ་བྱས་ཏེ། སྤྲོ་གསེང་རོལ་རྩེད་ཁྲོད་མང་ཚོགས་ལ་བསམ་བློའི་ཤུགས་རྐྱེན་བཟང་པོ་ཐེབས་པར་བྱས་ཡོད་པ་རེད།

    གྲོང་ཚོའི(སྡེ་ཁུལ)ཇ་ཁང་དེ་ཉིད“སྐོར་སྐྱོད་སྒྲོག་འགྲེལ་ཁང”ལ་འགྱུར་བར་བྱས་ཏེ་དང་བླངས་པ་དང་མང་ཚོགས་མཉམ་དུ་ཇ་འཐུང་ཞོར་ཅི་འཕྲོས་མོལ་འཕྲོས་བྱས་ནས་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་ཏང་གི་གསུང་སྒྲ་བརྒྱུད་སྤྲོད་ཡག་པོ་བྱས་པ་རེད།

    སྒྲོག་འགྲེལ་གྱི་ཕན་འབྲས་ལ་དམིགས་པ་དང་བསམ་པའི་སྒུལ་ཤུགས་ལ་བརྟེན་ནས“གྲོང་གསེབ་དར་རྒྱས”ལ་རམ་འདེགས་བྱས་པ།

    འཕྱོངས་རྒྱས་རྫོང་གིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་མཐའ་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དེ་དམངས་འཚོ་འགན་སྲུང་དང་། གོམས་སྲོལ་སྒྱུར་བ། གྲོང་གསེབ་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྒྲོག་འགྲེལ་གྱི་གྲུབ་འབྲས་དེ་ཉིད་མང་ཚོགས་ཚོས་ལས་སྒྲུབ་ལས་གཏོད་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ཡོད་པ་རེད།

    སྒྲོག་འགྲེལ་གྱི་ནང་དོན་མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་གནད་སྨིན་ཐུབ་པར་བྱས་ཏེ་གྲོང་གསེབ་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། དམངས་འཚོ་འགན་སྲུང་སོགས་ཀྱི་དམངས་ཕན་སྲིད་ཇུས་གསལ་འགྲེལ་བྱས་པ་མ་ཟད། གོམས་སྲོལ་སྒྱུར་བ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཤེས་དཔལ་གྱི་འདུ་ཤེས་ཀྱང་དྲིལ་བསྒྲགས་བྱས་ནས། མང་ཚོགས་ཀྱི་དོགས་གཞི་དང་འཚོ་བའི་ཁྲོད་ཀྱི་དོགས་གནད་ཏན་ཏིག་བསལ་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་བ་གསུམ་པ་ཚུན། རྫོང་ཡོངས་ཀྱིས་དཔེ་སྟོན་སྒྲོག་འགྲེལ་སྣ་ཚོགས་ཐེངས་80ལྷག་ཙམ་བྱས་པར་ཕན་པ་ཐོབ་མཁན་མི་ཐེངས་6200ལྷག་ཙམ་ཟིན་ཞིང་། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་དང་བརྩེ་སེམས་ལྡན་པའི་སྒྲོག་འགྲེལ་རེ་རེ་ལས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས“མི་སེར་ཕལ་པའི་ཁྱིམ་དུ་དྲིལ་བསྒྲགས”བྱས་པ་མ་ཟད། མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ནང་སྐྱེས་སྒུལ་ཤུགས་དེ་བས་འཕེལ་བར་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།