དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་དང་པོ་དེ་རྒྱལ་ཡོངས་ཀྱི་སྐྱེད་སྲིང་འཛུགས་སྐྱོང་ཁག་དང་པོའི་མིང་གཞུང་ནང་ཚུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-06

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ནས་སྤེལ་བའི་ཆ་འཕྲིན་ལ་གཞིགས་ཚེ། ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྒྲིག་འཛུགས་དང་འོས་སྦྱོར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི“བོད་སྨན་གྱི་རྒྱལ་ཁབ་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང”དེ་རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་རྒྱལ་ཁབ་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་སྐྱེད་སྲིང་འཛུགས་སྐྱོང་གི་མིང་གཞུང་ཁག་དང་པོའི་ནང་བདེ་བླག་ངང་བདམས་པ་ལས། མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་དང་པོར་གྱུར་ནས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་བོད་སྨན་གྱི་སྤུས་ཚད་ཚད་གཞི་གསར་གཏོད་དང་འཛུགས་སྐྱོང་ལ་ཚད་བརྒལ་ཆེན་པོ་བྱུང་བ་མཚོན་ཡོད།

    རྒྱལ་ཁབ་ཀྱི་སྤུས་ཚད་ཚད་གཞིའི་ཚོད་ལྟ་ཁང་ནི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་རྒྱུ་འགོ་འཛུགས་སར་བྱས་ཏེ། སྤུས་ཚད་ཀྱི་རྨང་གཞི་དང་ཉེར་སྤྱོད་ཀྱི་ཞིབ་འཇུག་ལས་དོན་གལ་ཆེན་སྤེལ་ནས་ཐུན་མོང་རང་བཞིན་གྱི་སྤུས་ཚད་ལས་གྲྭའི་ལག་རྩལ་འགག་སྒྲོལ་དང་། ཆུ་ཚད་མཐོ་བའི་ཚད་འཇལ་ལག་རྩལ་དང་། ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི། ཚད་ལེན་སྒྲིག་ཆས་བཅས་ཞིབ་བཟོ་བྱེད་པ། སྤུས་ཚད་གསར་གཏོད་བྱེད་མཁན་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་སྤྱི་ཕན་རང་བཞིན་གྱི་སྤུས་ཚད་གསར་གཏོད་ལས་སྟེགས་ཤིག་ཡིན་པས། དེས་རྒྱལ་ཁབ་ཀྱི་ཐོན་ལས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་འཁྲིད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཚོད་ལྟ་ཁང་དེ་ནི་ཞིང་ཆེན་སྨན་རྫས་ཞིབ་བཤེར་ཞིབ་དཔྱད་ཚད་ལེན་ཁང་གིས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་དང་མཉམ་དུ་བསྐྲུན་པ་ཞིག་ཡིན་པ་དང་། དེས་བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོར་དམིགས་ཏེ། བོད་སྨན་གྱི་སྤུས་ཚད་ཚོད་འཛིན་དང་བདེ་འཇགས་གདེང་འཇོག་གི་ལྟེ་བའི་དགོས་མཁོར་དམིགས་ནས་སྤུས་ཚད་ཚོད་འཛིན་དང་བདེ་འཇགས་ཉེན་ཁར་གདེང་འཇོག་བྱེད་པའི་ལག་རྩལ་དང་། སྤུས་ཚད་ཀྱི་ཚད་གཞི། ཚད་ལྡན་དངོས་རྫས་ལ་ཞིབ་འཇུག ཚན་རིག་དང་མཐུན་པའི་ལྟ་སྐུལ་དོ་དམ་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་གཙོ་བོར་བཞག་ནས་རྒྱལ་ནང་གི་སྔོན་ཐོན་དང་རྒྱལ་སྤྱིའི་རྩེར་སོན་གྱི་བོད་སྨན་སྤུས་ཚད་ཀྱི་ཚད་གཞི་ཞིབ་འཇུག་དང་ལག་རྩལ་གསར་གཏོད་ལས་སྟེགས་གཏོད་རྒྱུར་གཞོལ་ཏེ། མི་རིགས་ཀྱི་སྨན་རྫས་སྤྱོད་རྒྱུར་བདེ་འཇགས་འགན་ལེན་ནུས་ལྡན་དང་། ཀྲུང་ལུགས་དང་བོད་སྨན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་ལྟ་འདོམས་བྱེད་པར་སྐུལ་འདེད་གཏོང་རྒྱུར་ལག་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།