དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པར་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-06

     དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པའི་ཚོགས་སྤྱིར་ཐུགས་ཁུར་དང་གཅེས་སྐྱོང་ཏན་ཏིག་བྱས་ནས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་ཟབ་མོ་མཚོན་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས“དཀའ་ངལ་ཡོད་པའི་བུད་མེད་ལ་ཐུགས་ཁུར་བྱེད། སྟོད་ལུང་ས་གཞི་ཆེན་པོར་དྲོ་སྐྱིད་ལྡན”ཞེས་པའི་གཅེན་མོ་ལུང་ལགས་ཀྱི“སྐལ་བཟང་མེ་ཏོག”འཚམས་འདྲིའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ནད་གཞི་ཕོག་ནས་དཀའ་ངལ་འཕྲད་པའི་བུད་མེད་དང་བྱིས་པའི་ཁྱིམ་ཚང་ལ་དཀའ་ངལ་སེལ་རོགས་བྱས་པ་རེད།

    འཚམས་འདྲི་བྱེད་རིང་། འཚམས་འདྲི་ཚོགས་ཆུང་སྔ་རྗེས་སུ་གདོང་དཀར་ཁྲོམ་གཞུང་དང་། རྒུ་རུམ་གྲོང་རྡལ། བདེ་ཆེན་གྲོང་རྡལ་བཅས་སུ་བསྐྱོད་དེ་དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པ། དེ་བཞིན་ཁོང་ཚོའི་ནང་མི་དང་མཛའ་བརྩེའི་ངང་གླེང་མོལ་བྱས་པ་དང་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དང་། རྒྱུན་གཏན་གྱི་འཚོ་བ། སྨན་བཅོས་ཀྱི་འཕེལ་རིམ། དེ་བཞིན་མིག་སྔར་འཕྲད་པའི་དཀའ་ངལ་དངོས་བཅས་འདྲི་རྩད་ཞིབ་ཕྲ་བྱས་པ་དང་འབྲེལ་ངང་རྒྱུད་རིང་པོས་ཁོང་ཚོའི་རེ་འདུན་ཉན་པ་རེད། དེ་དང་ཆབས་ཅིག ལས་དོན་མི་སྣས་འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དང་ཟུང་འབྲེལ་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ནང་མིར་སྨན་བཅོས་རོགས་སྐྱོབ་དང་དམངས་འཚོ་འགན་སྲུང་སོགས་དམངས་ཕན་སྲིད་ཇུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་སྟེ། ཁོང་ཚོར་སྲིད་ཇུས་ལོངས་སྤྱོད་ཀྱི་བརྒྱུད་རིམ་གསལ་པོ་བཟོས་ནས་འཚོ་བའི་ཐད་ཀྱི་སེམས་ཁྲལ་སེལ་རོགས་བྱས་པ་རེད། འཚམས་འདྲི་ཚོགས་ཆུང་གིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ཚང་མར་གཅེན་མོ་ལུང་ལགས་ཀྱི“སྐལ་བཟང་མེ་ཏོག”འཚམས་འདྲིའི་དངུལ་སྤྲད་དེ་ནད་གཞི་ཕོག་པའི་བུད་མེད་རྣམས་ལ་སྤྲོ་སྣང་ཡར་ཐོན་གྱི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་དང་། ནད་གཞི་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་བརྟན་དུ་གཏོང་བ། སྨན་བཅོས་ཧུར་ཐག་བཅས་བྱས་ཏེ་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ལ་ཁ་གཏད་ཧུར་ཐག་བཅག་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་འཚོ་བར་སླར་ཡང་རེ་བས་ཁེངས་པའི་ལྕག་སྐུལ་བྱས་པ་རེད།

    “ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ང་ཚོར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོར་རོགས་སྐྱོབ་དངུལ་སྤྲད་པ་མ་ཟད། ད་དུང་ངང་རྒྱུད་རིང་པོས་ང་ཚོར་བློ་སྒོ་ཕྱེ་ནས་ང་ཚོའི་སེམས་ལ་དྲོ་སྐྱིད་ཆེན་པོ་སྦྱིན་བྱུང”ཞེས་བརྗོད་པ་དང་། རོགས་སྐྱོར་ཐོབ་པའི་བུད་མེད་ཚོས། རྩ་འཛུགས་ཀྱི་ཐུགས་ཁུར་གནང་བ་ལས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། སླད་ཕྱིན་དྲོ་སྐྱིད་དེ་ནད་གཞི་ལས་རྣམ་པར་རྒྱལ་བ་དང་འཚོ་བ་ཧུར་ཐག་སྐྱེལ་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས། བློ་རྩ་བརྟན་པོས་འཚོ་བ་ཡག་པོ་སྐྱེལ་བ་དང་དཀའ་ངལ་ཁྱད་བསད་ཧུར་ཐག་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་གི་མིན་ཞེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོའི་ནང་ནད་གཞི་ཕོག་ནས་དཀའ་ངལ་འཕྲད་པའི་བུད་མེད་དང་བྱིས་པ་16ལ་རོགས་སྐྱོབ་དངུལ་སྤྲད་པས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་ཆུང་དུ་ནུས་ལྡན་ཕྱིན་པ་དང་ཁོང་ཚོའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད། བྱེད་སྒོ་དེས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་བར་ཐག་ཇེ་ཉེར་བཏང་བ་མ་ཟད། དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པར་ཏང་དང་སྲིད་གཞུང་གི་བརྩེ་སེམས་དང་ཐུགས་ཁུར་དངོས་གནང་ལུགས་ཚོར་དུ་བཅུག་ནས་དམངས་འཚོ་འགན་ལེན་གྱི་མཐའ་ཚད་སྔར་བས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།