སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གིས་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྫོང་དེར་ཁྲིམས་ར་འཚོགས་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་ཞིག་ལ་ཡོངས་བསྒྲགས་ཞིབ་གཅོད་བྱེད་པ་གོ་སྐབས་སུ་བཟུང་སྟེ“གྱོད་གཞིར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་། དངོས་འཐབ་སྦྱོང་བརྡར་བྱེད་པའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས་ཏང་འཛུགས་སྐྱོང་དང་འདྲི་གཅོད་ལག་ལེན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ལས་བྱེད་པ་དང་ཉེན་རྟོག་པའི་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་བ་དང་ཁྲིམས་འཛིན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ལས་ཐོག་འདྲི་གཅོད་ལག་བསྟར་གྱི་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ནས། ངལ་གསོའི་ཉིན་མོ་སྤྱད་དེ་ཁྲིམས་སའི་འདྲི་ཞིབ་ཀྱི་བརྒྱུད་རིམ་ཧྲིལ་པོ་ཟུར་ཉན་བྱས་ཡོད། ཁྲིམས་སའི་འདྲི་ཞིབ་བྱེད་རིང་། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་ཁྲིམས་སའི་འདྲི་ཞིབ་གཏན་ཚིགས་སྟངས་འཛིན་ནན་པོ་བྱེད་པ་དང་། ཁྲིམས་སའི་འདྲི་ཞིབ་ཀྱི་བརྒྱུད་རིམ་ལ་སྐུལ་འདེད་ཚད་ལྡན་གཏོང་བ། ཉམས་སད་ཐེག་ཐུབ་པའི་ཆེད་ལས་ཀྱི་ལས་སྒོའི་བྱང་ཚད་བཅས་ལ་བརྟེན་ནས་སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གི་ལས་བྱེད་པ་དང་ཉེན་རྟོག་པར་ཆུ་ཚད་མཐོ་བའི་དཔེ་སྟོན་ཁྲིམས་སའི་འདྲི་ཞིབ་ཐེངས་གཅིག་བྱས་ཡོད། སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གི་ལྟ་སྦྱོང་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཀྱིས་ནན་ཏན་ངང་ཉན་པ་དང་ཟིན་བྲིས་ཞིབ་ཚགས་བརྒྱབ་ནས། ས་གནས་ས་ཐོག་ཏུ་སློབ་སྦྱོང་བྱེད་རིང་ལས་ཀའི་ཧེ་བག་གནད་སྨིན་འཚོལ་བ་དང་ནུས་པའི་ཞན་ཆ་བསལ་བ་རེད།
ཁྲིམས་སའི་འདྲི་ཞིབ་མཇུག་འགྲིལ་རྗེས། སྐྱིད་གྲོང་རྫོང་མི་དམངས་ཁྲིམས་ཁང་གི་སྒྲུབ་འགན་འཁུར་མཁན་ཁྲིམས་དཔོན་གྱིས་གྱོད་གཞི་ཁག་གཅིག་ཞིབ་གཅོད་བྱེད་རིང་གི་དཀའ་གནད་ཆེ་བའི་གནད་དོན་ཐད་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་སྒོའི་རྐང་འཛིན་པར་རང་འགུལ་ངང་བཀའ་འདྲི་ཞུས་པ་དང་སྤེལ་རེས་བྱས་ཏེ། གོང་རིམ་ཁྲིམས་ཁང་གི་གནད་སྨིན་མཛུབ་ཁྲིད་དང་ཆེད་ལས་ཞིབ་དཔྱོད་ལ་བརྟེན་ནས། གྱོད་གཞི་སྒྲུབ་པའི་བསམ་ཕྱོགས་སྔར་བས་རྒྱ་ཆེར་བཏང་བ་དང་བཅའ་ཁྲིམས་སྤྱད་འཐུས་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།