ས་མཐོར་སེ་འབྲུའི་མེ་ཏོག་བཞད། མཉམ་དུ་འཕེལ་རྒྱས་ཕུགས་འདུན་བཏོད།
—— མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ།

མངའ་རིས་ས་ཁུལ་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི་ལས་དོན་ཏན་ཏིག་སྤེལ་བ་མ་ཟད། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པ་དང་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་སྣ་ཚོགས་གཉེར་ནས་མི་དེ་བས་མང་པོས་མངའ་རིས་ལ་ཤེས་རྟོགས་ཐུབ་པ་དང་མངའ་རིས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཤིང་། འདི་ནི་མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དགུ་པའི་འགོ་ཚུགས་མཛད་སྒོ་སྤེལ་ཡུལ་ཡིན་པ།
2025ལོར་མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། འགྲོ་འོང་སྤེལ་རེས་ཟབ་ཏུ་གཏོང་བ། དམངས་འཚོ་ལེགས་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་མཐོར་ནམ་ཡང་བཞད་པར་བྱས་ཡོད།
དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཁྲིད་སྟོན་ལ་དམ་འཛིན་དང་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།
བསམ་བློ་ནི་བྱ་སྤྱོད་ཀྱི་རྨང་གཞི་དང་ཐུན་མོང་གི་ངོས་འཛིན་ནི་མཐུན་སྒྲིལ་གྱི་སྔོན་འགྲོ་ཡིན། 2025ལོར་མངའ་རིས་ས་ཁུལ་གྱིས་དོན་དངོས་ལ་གཞི་ཚུགས་ནས“སེམས་མཐུན་མངའ་རིས། མཐའ་སྲུང་མཉམ་སྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་སྤུས་རྟགས་བཏོད་ཡོད་ལ། རྫོང་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་7སྐྱེད་སྲིང་བྱས་ནས“1+7”གྱི་སྤུས་རྟགས་བཏོད་ཡོད། ས་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་གྱི་རིག་གནས་བར་ཁྱམས་དང་བརྗོད་དོན་གཙོ་བོའི་ཐང་ཆེན་སོགས་22བསྐྲུན་པ་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་སྐར་ཁུང་དང་དཔེ་སྟོན་ལས་གནས་165བཙུགས་ཡོད། དུས་གཅིག་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་ལྟེ་གནས་བཙུགས་ཏེ་ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་ཚོགས་པ་གདན་དྲངས་ཏེ། གསར་བརྗེའི་རིག་གནས་དང་མཐའ་སྟོབས་མཐའ་བརྟན་སོགས་ལ་ཞིབ་འཇུག་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
2025ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བའི་རིང་། “སེ་འབྲུའི་མེ་ཏོག་བཞད། རྡོག་རྩ་གཅིག་ཏུ་སྒྲིལ”ཞེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་དང་རིག་རྩལ་སྐོང་འཁྲབ་སོགས་བྱེད་སྒོ་150ལྷག་ཙམ་ས་གནས་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་ཆབས་ཅིག གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ལྗོངས་ཕྱིར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་བསྐྱོད་དེ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ས་གནས་གཞན་དུ་བརྒྱུད་བསྒྲགས་བྱས་ཡོད།
དྲིལ་བསྒྲགས་ཟླ་བའི་རིམ་སྤེལ་བྱེད་སྒོ་སྤེལ་བ་ཕུད། མངའ་རིས་ས་ཁུལ་གྱིས་ལོ་ཧྲིལ་པོར་རྒྱུན་རྣམ་ཅན་གྱི་སྒོ་ནས་དྲིལ་བསྒྲགས་སྒྲོག་འགྲེལ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་བཏང་སྟེ། “1+8+N”ཡི་གཞི་རིམ་སྒྲོག་འགྲེལ་མ་ལག་བཙུགས་ནས་ཞིང་འབྲོག་པའི་སྒྲོག་འགྲེལ་པ་འབྲོག་ར་དང་། གྲོང་ཚོ། སྦྲ་གུར་བཅས་སུ་བསྐྱོད་དེ“སྒྲོག་འགྲེལ+”ཀྱི་བྱེད་སྒོ་སྣ་ཚོགས་ཐེངས་4000སྤེལ་བར་མང་ཚོགས་མི་ཐེངས་ཁྲི་24ལྷག་ཙམ་ལ་ཁྱབ་ཡོད། དེ་དང་ཆབས་ཅིག་ཞིང་འབྲོག་པའི་ཡིག་གཟུགས་པར་ལེན་འགྲན་བསྡུར་དང་ཆ་སྒྲིག་སློབ་སྦྱོང་སྒོ་རྩར་སྐྱེལ་བ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ལོ་ཧྲིལ་པོར་སྤྱི་སྤྱོད་སྐད་ཡིག་སྦྱོང་བའི་རིམ་སྤེལ་བྱེད་སྒོ་ཐེངས་7000ལྷག་ཙམ་སྤེལ་ཡོད།
འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་དམ་འཛིན་ཤུགས་ཆེན་བྱས་ནས་མཐུན་སྒྲིལ་གྱི“མཐུན་ཆ་ཆེ་ཤོས”བཏོད་པ།
མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་རྩ་བ་ཡིན་ལ་མངའ་རིས་ས་ཁུལ་གྱི་འཆམ་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཤུགས་གནས་སའང་ཡིན།
མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་སྡེ་ཁུལ་ནི་མི་རིགས་མང་པོ་མཉམ་སྡོད་མཉམ་འདྲེས་ཀྱི་དཔེ་མཚོན་བསྡུས་རིས་ཤིག་ཡིན། རྒྱ་རིགས་དང་། བོད་རིགས། ཡུ་གུར་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཚོ་བ་སྐྱེལ་བ་དང་ཕན་ཚུན་ལྟ་སྐྱོང་བྱས་པས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྡེ་ཁུལ་ཞིག་ཡིན་ལ། སྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་མིག་དཔེ་ཞིག་ཀྱང་ཡིན། སྡེ་ཁུལ་ནང་ཁྱིམ་མཚེས་ཕན་ཚུན་རོགས་རམ་བྱེད་པ་དང་བརྩེ་བ་ཟབ་པའི་གཏམ་རྒྱུད་གང་སར་ཐོས་རྒྱུ་ཡོད།
2025ལོར་མངའ་རིས་ས་ཁུལ་གྱིས་སྒར་རེས་རྣམ་པའི་སྡེ་ཁུལ་འཛུགས་སྐྱོང་མུ་མཐུད་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཁུལ་ཁོངས་བརྒལ་བ་དང་མི་རིགས་ཕན་ཚུན་ལས་ཞུགས་ལས་གཏོད་བྱེད་པར་ལྕག་སྐུལ་བྱེད་པ། ཆ་སྒྲིག་གཉེན་འཚོལ་དང་ཕན་ཚུན་རོགས་རེས་ཀྱི་ཕུགས་ཕན་ལམ་སྲོལ་དོན་འཁྱོལ་བྱེད་པ། ཞིང་འབྲོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི་མཉམ་ཤུགས་ཆགས་པར་བྱེད་པ། “ལག་གདང་སྦྲེལ་བ”དང་། “ཆ་སྒྲིག” “གཅིག་སེམས་གཅིག་སྦྲེལ”སོགས་མང་ཚོགས་རང་བཞིན་གྱི་མཐུན་འབྲེལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། “བརྩེ་སེམས་ཟབ་མོས་ཁྱིམ་གཞིས་སྐྲུན་པ”དང“ཁྱིམ་མཚེས་ཕན་ཚུན་ལྟ་སྐྱོང་བྱེད་པ”སོགས་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བཅས་བྱས་ནས། གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་ལག་ལེན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ཡོད།
2025ལོར་མངའ་རིས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་དང་། ཞིབ་སློབ་ལག་ལེན། ཤེས་བྱ་འགྲན་བསྡུར་སོགས་བྱེད་སྒོ་སྣ་ཚོགས་སྤེལ་བ་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་ནང་རྩ་བ་ཚུགས་པ་དང་མྱུ་གུ་འབུས་པ་བྱས་ཡོད། ལོ་ཧྲིལ་པོར“ངས་ཕ་མར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཤོད་པ”དང“ཕ་ཡུལ་གྱི་འགྱུར་ལྡོག་གླེང་བ་དང་ཏང་གི་བཀའ་ལ་ཉན་པ”སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་400ལྷག་ཙམ་སྤེལ་བར་དགེ་སློབ་ཁྲི་3.2ལྷག་ཙམ་ཞུགས་ཏེ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་གཞོན་ནུ་ལོ་ཆུང་འཚར་ལོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད།
དམངས་འཚོ་ལེགས་གཏོང་དང་འཕེལ་རྒྱས་ལ་དམ་འཛིན་ཤུགས་ཆེན་བྱས་ནས་བདེ་སྐྱིད་ཀྱི“རྨང་རྡོ”བརྟན་དུ་བཏང་བ།
འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བའི་རྩ་བའི་འགན་ལེན་ཞིག་རེད།
2025ལོར་མངའ་རིས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཞིང་འབྲོག་ལས་དང་རིག་གནས་ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་བྱས་པས་ལོ་ཧྲིལ་པོར་མི་10393ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་2.442བྱུང་སྟེ“ཐོན་ལས་དར་རྒྱས་དང་། མང་ཚོགས་ཕྱུག་འགྱུར། མཐུན་སྒྲིལ་དམ་ཟབ”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།
དེ་དང་ཆབས་ཅིག་མངའ་རིས་ས་ཁུལ་གྱིས་སློབ་གསོ་དང་། སྨན་བཅོས། ལས་ཞུགས་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ནས་དམངས་འཚོའི་རྣམ་གྲངས་ལག་ལེན་བསྟར་བ་དང་། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཡོད། 2025ལོར་ཡུལ་དེ་གས་སྨན་བཅོས་འགན་ལེན་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱིས་རིམ་རྩིས་བརྒྱབ་ན་མི་ཐེངས་42073ལ་སྒོར་ཁྲི་1167.06སྤྲད་ནས་དངུལ་སྤྲོད་བྱེད་ཚད་100%ཟིན་ཡོད། ལས་ཞུགས་གདན་ཞུའི་བྱེད་སྒོ་ཐེངས་14སྤེལ་བ་དང་། ལས་གནས་10813མང་དུ་བཏང་བ། མི་600ལྷག་ཙམ་ལས་ཞུགས་ཀྱི་འདོད་འདུན་གྲུབ་པ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ་སོགས་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པ་དང་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།
འབྲེལ་ཡོད་གསར་འགྱུར།