དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ཟླ་5ཚེས་17ཉིན་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-06

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱུང་བར། “གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་ཟླ་5ཚེས་17ཉིན་བོད་ལྗོངས་ཟློས་གར་ཁང་ཆེ་མོར་འགོ་འཛུགས་རྒྱུ་ཡིན་ཞིང་། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་བརྗོད་དོན་གཅོ་བོར་དམིགས་ཏེ། རིག་གནས་འགྲེམས་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན། ཡུལ་སྐོར་འོས་སྦྱོར། ཐོན་ལས་ཚོང་འགུགས། དམངས་སྲོལ་ཉམས་ལེན། སྐྱེ་ཁམས་མྱོང་རོལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།

    སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ཁག་གསུམ་ལ་དབྱེ་རྒྱུ་ཡིན་པ་སྟེ། ཟླ་5ཚེས་17ཉིན་གྱི་དགོང་མོར་ཀྲུང་གོའི་སྒྲ་སྙན་ཞབས་བྲོ་ཐོག་མ《བཀྲ་ཤིས་ཞབས་བྲོ》བོད་ལྗོངས་ཟློས་གར་ཁང་ཆེ་མོར་འཁྲབ་སྟོན་བྱ་རྒྱུ་དང་། ཟླ་5ཚེས་18ནས་ཚེས་27ཉིན་བར་མེ་ཕུང་སྒོར་གཞས་མཚན་ཚོགས་དང་། གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ། འཇུན་པ་གྲོང་ཚོའི་དམངས་སྲོལ་མྱོང་རོལ། མཚན་མོ་གཙང་འགྲམ་སྤྱི་གླིང་དུ་བསྐྱོད་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ། ཟླ་5ཚེས་18ཉིན་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དང་ཚོང་འགུགས་འོས་སྦྱོར་ཚོགས་འདུ་འཚོགས་ནས། ཚོགས་པའི་ཚད་གཞི་ཁག་6ཡོངས་བསྒྲགས་བྱ་རྒྱུ་དང“གསེར་གྱི་རྟགས་མ”བཅུ་སྤྲོད་རྒྱུ་མ་ཟད། རྣམ་གྲངས་ཀྱི་གན་འཇོག་མཛད་སྒོ་འཚོགས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།