ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་དམངས་ཕན་ཞབས་ཞུ་ལྟེ་གནས་ཕྱོགས་ཡོངས་ནས་ཉམས་གསོ་རིམ་སྤོར་བྱས་པ།

འདི་ནི་མང་ཚོགས་ཀྱིས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་དམངས་ཕན་ཞབས་ཞུ་ལྟེ་གནས་སུ་ལས་སྒོ་གཉེར་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་དམངས་ཕན་ཞབས་ཞུ་ལྟེ་གནས་ཕྱོགས་ཡོངས་ནས་ཉམས་གསོ་རིམ་སྤོར་ལེགས་གྲུབ་ཟིན་ནས་རྣམ་པ་གསར་རྐྱང་གིས་མང་ཚོགས་ལ་སྒོ་ཕྱེ་བ་དང་། མཁྲེགས་ཆས་སྒྲིག་བཀོད་རིགས་དང་ཞབས་ཞུའི་ནུས་ཕྱོད་ཀྱང་དུས་གཅིག་ཏུ་ཆེ་རུ་ཕྱིན་པས་ས་གནས་དེ་གའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་མགྲིན་གཅིག་ཏུ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔའི་ཞབས་ཞུའི་ཚོམས་ཆེན་གྱི་སྒྲིག་བཀོད་རྙིང་པ་ཆགས་པ་དང་བཀོད་པ་ལུགས་མཐུན་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རྫི་ཐོ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་ཚོགས་པའི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ནས་དམངས་ཕན་ཞབས་ཞུ་ལྟེ་གནས་ལ་བརྒྱུད་རིམ་ལྡན་པའི་སྒྱུར་བཀོད་རིམ་སྤོར་བྱས་ཡོད། “དམངས་ཕན་དང་། ནུས་ཆེ། དྲོ་སྐྱིད་ལྡན་པ”བཅས་ཀྱི་འདུ་ཤེས་གཞིར་བཟུང་ཚོམས་ཆེན་གྱི་གྱང་ངོས་དང་། ས་ངོས། གློག་སྒྲོན་བཅས་ལ་ཕྱོགས་ཡོངས་ནས་ཉམས་བཟོ་བྱས་པ་མ་ཟད། ཚན་རིག་དང་མཐུན་པའི་ངང་བློ་འདྲི་ཁྲིད་སྟོན་ལ་དབྱེ་འབྱེད་དང་། ལས་སྒོ་སྒྲུབ་གཉེར། ངལ་གསོ་དང་སྒུག་ས་སོགས་ཀྱི་ནུས་ཁུལ་དབྱེ་བ་དང་། ངལ་གསོའི་རྐུབ་སྟེགས་དང་། འཐུང་ཆུའི་སྒྲིག་ཆས། གློག་གསོག་མཐུད་སྣེ། རྒན་འཁོགས་མིག་ཤེལ་སོགས་དམངས་ཕན་སྒྲིག་བཀོད་མང་དུ་གཏོང་བ་དང་ཆབས་ཅིག གཞུང་ལས་སྒྲིག་ཆས་གསར་པར་བརྗེ་བ་བཅས་བྱས་པས་སྤྱི་ཡོངས་ཀྱི་ཞབས་ཞུའི་ཁོར་ཡུག་གསར་རྐྱང་དུ་གྱུར་ཡོད།
མཁྲེགས་ཆས་སྒྲིག་བཀོད་རིམ་སྤོར་བྱས་པ་དང་ཆབས་ཅིག་རྫི་ཐོ་གྲོང་རྡལ་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱིས་སྲིད་དོན་ཞབས་ཞུ་ཡང་རྒྱུན་མཐུད་ལེགས་སུ་བཏང་ཞིང་། སྤྱི་ཚོགས་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། དམངས་སྲིད། ཐེམ་ཐོ་སོགས་གཉེར་ཚད་མང་བའི་དོན་ཚན་དག་སྐར་ཁུང་གཅིག་ནས་བདག་སྤྲོད་དང་། ཞབས་ཞུ་གཅིག་སྡུད། སྒྲུབ་གཉེར་བརྒྱུད་རིམ་ཁུ་བསྡུ། སྒྲུབ་གཉེར་གྱི་དུས་བཀག་ཐུང་དུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་བྱ་བ་སྒྲུབ་པར་དེ་བས་སྟབས་བདེ་དང་ནུས་ཆེ་ཡོང་བར་བྱས་ཡོད།
སྒྱུར་བཀོད་བྱས་རྗེས་ཀྱི་རྫི་ཐོ་གྲོང་རྡལ་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱིས་ཉིན་རེར་ཆ་སྙོམས་ལས་སྒོ་གཉེར་ཚད་30%ཡན་མཐོ་རུ་ཕྱིན་ནས་མང་ཚོགས་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རིམ་རྩིས་བརྒྱབ་ན་རིགས་ཁག་གི་དོན་ཚན་138སྒྲུབ་གཉེར་དང་། དཀའ་གནད་ཆེ་བའི་གནད་དོན་10ཐག་གཅོད། སྒོ་རྩར་བསྐྱོད་ནས་ཚབ་སྒྲུབ་ཞབས་ཞུ་ཐེངས་18ཞུ་བ་བཅས་བྱས་ནས“ཁོར་ཡུག་བཟང་བ་དང་། ཞབས་ཞུ་ལེགས་པ། ལས་ཕྱོད་ཆེ་བ”བཅས་ཀྱི་དམིགས་ཚད་དངོས་འབྲེལ་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།