དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས།

    ལེགས་རྩེ་འགག་སྒོར་ཟབ་སྐྱོད་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-04

    མཐའ་མཚམས་ས་ཁུལ་གྱི་ཁྲིམས་སྐྱོང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་བ་དང་། མཐའ་མཚམས་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་མཐའ་མཚམས་སྲུང་བའི་རང་རྟོགས་རང་བཞིན་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བཅས་བྱ་ཆེད། ཉེ་ཆར། ལེགས་རྩེ་འགག་སྒོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མངགས་གཏོང་བྱས་པའི་ཞིབ་དཔྱོད་ཁང་གིས་འབྲོང་པ་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་དུ་ལེགས་རྩེ་འགག་སྒོར“མཐའ་མཚམས་སུ་ཁྲིམས་སྐྱོང་གི་དཔྱིད་རླུང་ལྡང་། བཅའ་ཁྲིམས་ཀྱི་ནང་དོན་མི་སེམས་སུ་ཟུག”ཅེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། བཅའ་ཁྲིམས་ཞབས་ཞུ་མང་ཚོགས་ཀྱི་སྒོ་རྩར་སྤེལ་བ་དང་ཞིབ་དཔྱོད་ཀྱི་འགན་ནུས་སྒྲུབ་སེམས་ལ་བརྟེན་ནས་མཐའ་མཚམས་བདེ་འཇགས་སྲུང་སྐྱོང་དང་འགག་སྒོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་འགག་སྒོའི་མང་ཚོགས་ཀྱི་རྒྱུན་གཏན་འགྲོ་འོང་དང་། མཐའ་མཚམས་ཚོང་དོན། རྒྱལ་གྲོལ་འགྲོ་འོང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་སོགས་དགོས་མཁོ་དངོས་ལ་དམ་པོར་དམིགས་ཏེ“ཁྲིམས་སྲོལ་གསལ་འགྲེལ་དང་དོགས་གཞིར་ལན་འདེབས་པའི”གཞི་གཅིག་ཅན་གྱི་དྲིལ་བསྒྲགས་ཞབས་ཞུའི་ལས་སྟེགས་བཏོད་པ་རེད། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཉེས་དོན་ཞིབ་དཔྱོད་དང་། དམངས་དོན་ཞིབ་དཔྱོད། སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བཅས་ཀྱི“ཞིབ་དཔྱོད་ཆེན་པོ་བཞིའི”འགན་ནུས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་མ་ཟད། མཐའ་མཚམས་ཀྱི་ཐོན་སྐྱེད་འཚོ་བ་དང་འགག་སྒོ་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་གཙོ་གནད་ཐོག་འཆད་འགྲེལ་བྱས་ཏེ། རྟོགས་དཀའ་བའི་བཅའ་ཁྲིམས་ཀྱི་དོན་ཚན་དག་གོ་བདེ་ཤེས་སླ་དང་གསོན་ཉམས་དོད་པོས་མི་སེམས་སུ་ཟུག་པར་བྱས་ཡོད།

    དེ་དང་དུས་མཚུངས། ཞིབ་དཔྱོད་ལས་བྱེད་ཉེན་རྟོག་པས་མཐའ་མཚམས་ས་ཁུལ་གྱི་དཔེ་མཚོན་གྱོད་དཔེ་དྲངས་ཏེ་ཁྲིམས་ཤོད་པ་དང་བཅའ་ཁྲིམས་ལ་བརྟེན་ནས་གནས་ལུགས་གསལ་བཤད་བརྒྱབ་སྟེ། ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་བརྒྱབ་པ་དང་། མཐའ་མཚམས་མང་ཚོགས་ཀྱིས“མཐའ་མཚམས་སྲུང་བའི་འགན་འཁྲི་ཡོད་པ་དང་། མཐའ་མཚམས་སྲུང་བའི་འགན་འཁྲི་འཁུར་བ། མཐའ་མཚམས་སྲུང་བའི་འགན་འཁྲི་གཙང་སྒྲུབ”བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་པ། མཐའ་མཚམས་སྲུང་སྐྱོང་དང་དོ་དམ་གྱི་གཏན་འབེབས་ཁག་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ། རང་འགུལ་ངང་མཐའ་མཚམས་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་བྱ་སྤྱོད་ནང་ཞུགས་པ་བཅས་ཀྱི་ཐད་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཁྱབ་རྒྱ་ཆེ་བ་དང་དམིགས་སའི་རང་བཞིན་ཆེ་བས། ཁྱོན་མང་ཚོགས་200ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་ཁག་200ལྷག་ཙམ་སྤྲད་པ། ས་ཡུལ་དངོས་སུ་མང་ཚོགས་མི་ཐེངས་10ཙམ་གྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་པས་མཐའ་མཚམས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ“བར་ཐག་མེད་པར”ཁྱབ་གདལ་དང་། “ངོ་ཐུག་གདོང་ཕྲད”ཀྱིས་སྒྲོག་འགྲེལ་ཐུབ་སྟེ། “དམངས་ཡོངས་ཀྱིས་མཐའ་མཚམས་སྲུང་བ་དང་ཐུན་མོང་ཐོག་མཐའ་མཚམས་སྲུང་བའི”མང་ཚོགས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ནས། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།