དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་ལྡན་ཉེན་རྟོག་ལས་དོན་ལས། སྡེ་ཁུལ་རྙིང་པར་གསོན་ཤུགས་འཕེལ།

    —— བུམ་ཆབ་ཆུ་མིག་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་སྤུས་འབྲས་ལེགས་གཉེར་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-04

    2024ལོ་ཚུན། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བསམ་གྲུབ་རྩེ་ཡན་ལག་ཅུས་བུམ་ཆབ་ཆུ་མིག་སྡེ་ཁུལ་གྱི་ཉེན་དོན་ས་ཚིགས་ཀྱིས“ཆེད་ལས་དང་། ལམ་སྲོལ། གྲངས་གཞི་ཆེ་མོ་བཅས་ཟུང་དུ་འབྲེལ་བའི”ཉེན་རྟོག་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་གསར་པར་དམིགས་ནས། རིག་ལྡན་སྔོན་འགོག་ཚོད་འཛིན་དང་། རིག་ལྡན་ལས་སྟེགས། རིག་ལྡན་ཞབས་ཞུ། རིག་ལྡན་མཉམ་འགུལ་བཅས་དམ་འཛིན་བྱ་གཞིར་བྱས་ཏེ། སྒོ་དབྱེ་རྣམ་པའི་སྡེ་ཁུལ་རྙིང་པ་དང་མི་རིགས་མང་པོ་འདུས་སྡོད་ཀྱི་དོན་དངོས་དང་འཚམ་པའི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ་ཞིག་བཏོད་ནས། བདེ་འཇགས་དེ་བས་ཚོར་ཐུབ་པ་དང་། ཞབས་ཞུ་དེ་བས་སྙིང་ཉེ་བ། བཅོས་སྐྱོང་དེ་བས་ཕན་ནུས་ལྡན་པ་བཅས་བྱས་ཡོད།

    སྡེ་ཁུལ་བཅོས་སྐྱོང་ལ་ཕྱོགས་མང་པོ་ནས་འབྲས་བཟང་ཐོབ་པ།

    སྔོན་ཆད་ཀྱི་གནས་ཚུལ་སྐོར་གླེང་སྐབས། སྡེ་ཁུལ་གྱི་གྲོང་མི་ཟླ་བ་དངོས་གྲུབ་ཀྱིས“སྔོན་ཆད་ང་ཚོའི་སྡེ་ཁུལ་དུ་སྒོ་རྟགས་ཟང་ཟིང་ཆེ་བས་ཉོ་སྐྱེལ་མཁན་དང་མྱུར་སྐྱེལ་མཁན་གྱིས་རྟག་ཏུ་ས་ཆ་རྙེད་ཀྱི་མེད། ད་ཆ་གནད་དོན་དེ་དག་ལེགས་བཅོས་བྱུང་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད་པ་དང་། ཁོང་གིས། 2024ལོ་ཚུན་དུ་བུམ་ཆབ་ཆུ་མིག་སྡེ་ཁུལ་ཉེན་རྟོག་ལས་དོན་ཁང་གིས་སྡེ་ཁུལ་རྙིང་པ་བཅོས་སྐྱོང་གི་དཀའ་གནད་དང་མང་ཚོགས་ཀྱི་དགོས་མཁོར་དམ་པོར་དམིགས་ནས། ཚན་རྩལ་དང་གྲངས་གཞིར་བརྟེན་ཏེ་ཕྱོགས་ཡོངས་ཀྱི་རིག་ལྡན་ཉེན་རྟོག་ལས་དོན་སྒྲུབ་སྟངས་བཏོད་ནས་གཞི་རིམ་བཅོས་སྐྱོང་ཐད“རགས་ལས་དོ་དམ”ནས“གནད་སྨིན་རིག་ལྡན་བཅོས་སྐྱོང”ཕྱོགས་སུ་བསྒྱུར་ཡོད་ཅེས་བཤད།

    སྡེ་ཁུལ་ཉེན་རྟོག་ལས་དོན་ཁང་གིས་རིག་ལྡན་སྒོ་རྟགས་དང་སྲིད་དོན་ཞབས་ཞུའི་བྱ་རིམ་ཆུང་གྲས་བརྒྱུད། ཐེམ་ཐོ་གཉེར་བ་དང་དམིགས་བསལ་ལས་རིགས་ཀྱི་ཞིབ་མཆན་སོགས་ཀྱི་ལས་སྒོ་དྲ་ཐོག་ནས་བསྒྲུབས་ཏེ། ཆུ་ཚོད་24ཡི་རིང་རང་འགུལ་ངང་གཉེར་བ་དང་ཨང་རྟགས་བཤེར་ཏེ་གཉེར་ནས་སྡེ་ཁུལ་རྙིང་པའི་སྒོ་རྟགས་ཟང་ཟིང་དང་མང་ཚོགས་དོན་དག་སྒྲུབ་པར་ཡང་སེ་སྐྱོད་དགོས་པའི་ཐད་ཀྱི་དཀའ་གནད་ཐག་གཅོད་མཐར་ཕྱིན་བྱས་ཡོད།

    ཞབས་འདེགས་ཞུ་ཐབས་ལ་ཤུགས་ཚད་ལྡན་ལ་དྲོ་སྐྱིད་དེ་བས་ལྡན་པ།

    ཉེན་རྟོག་ལས་དོན་གྱིས་དམངས་འདུན་ལ་དམིགས་པ་དང་མི་དམངས་ཉེན་རྟོག་པས་མི་སེར་ཆེད་ལས་དོན་སྒྲུབ་ཅིང་། བུམ་ཆབ་ཆུ་མིག་སྡེ་ཁུལ་ཉེན་རྟོག་ལས་དོན་ཁང་གིས་ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དང་དམངས་འཚོའི་ཞབས་ཞུར་དམིགས་ཏེ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཕན་དང་། གནད་སྨིན། དྲོ་སྐྱིད་སྦྱིན་པ་བཅས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་རིག་ལྡན་ཉེན་རྟོག་ལས་དོན་ལ“ཚན་རྩལ་གྱི་དཔེ་སྟོན”ལྡན་ལ“འཚོ་བའི་སྐྱིད་ཉམས”དེ་བས་ལྡན་པར་བྱས་ཡོད།

    དམངས་ཕན་ལག་ཁྱེར་གཉེར་སྐབས་དེ་བས་སེམས་ཁྲལ་མི་དགོས་ཤིང་། རིག་ལྡན་སྒོ་རྟགས“རྩ་གཉིས་ཨང་རྟགས་གཅིག་གིས་ཀུན་སྒྲུབ”ཀྱིས་ཆུ་ཚོད་24རིང་དྲ་ཐོག་ནས་གཉེར་ཐུབ་པ་དང་། ཉེན་རྟོག་ལས་དོན་ཁང་ནང་དམངས་ཕན་སྐར་ཁུང་བཙུགས་ནས། རྒན་རྒོན་དང་དམིགས་བསལ་ཚོགས་སྤྱིར་དྲ་ཕྱི་ནས་ཚབ་གཉེར་བྱེད་རོགས་བྱེད་པ་དང་། “གྲངས་གཞིའི་འགལ་བ”ནུས་ཤུགས་ཡོད་རྒུས་བསལ་ཏེ་རིག་ལྡན་ཞབས་ཞུ་གཅིག་ཀྱང་རྗེས་ལུས་མི་ཐེབས་པའི་འགན་ལེན་བྱས་ཡོད།

    2025ལོའི་ཟླ་3ཚེས་5ཉིན། སྡེ་ཁུལ་གྱི་ཡུལ་མི་གཡུང་དྲུང་ལྷ་མོས་གཟབ་གཟབ་མ་བྱས་པར་རང་གི་པགས་ཚག་དང་དེ་བཞིན་དངོས་པོ་གཞན་འགའ་བོར་བརླག་སོང་བས་ཉེན་རྟོག་ཕྱོགས་ལ་འཚོལ་རོགས་ཞུས། སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་རིག་ལྡན་སྡེ་ཁུལ་གྱི་དོ་དམ་ལས་སྟེགས་ལ་བརྟེན་ནས་མཐའ་འཁོར་གྱི་གློག་མིག་ལ་བལྟས་པ་དང་དེ་བཞིན་AIཡི་རྗེས་ཤུལ་འཚོལ་བྱད་སྤྱད་དེ་དབྱེ་ཞིབ་ཞིབ་བསྡུར་དང་རགས་བཤེར་བྱས་རྗེས་པགས་ཚག་དེ་ལམ་འགྲུལ་གྱིས་སྒྲུག་པ་མ་ཟད་ཉེ་འགྲམ་གྱི་ཚོང་ཁང་དུ་བཅོལ་བ་མགྱོགས་མྱུར་གཏན་འཁེལ་ཐུབ་ཡོད། མི་དམངས་ཉེན་རྟོག་པས་འཕྲལ་མར་དོ་བདག་དང་འབྲེལ་བ་བྱས་ནས་ཞིབ་དཔྱད་བྱས་པས་བོར་དངོས་བདེ་བླག་ངང་རག་པ་རེད། ཉེན་རྟོག་པས་ཉེན་བརྡ་འབྱོར་བ་ནས་ཅ་ལག་ལག་འབྱོར་ཐུབ་པའི་བར་ཆུ་ཚོད་5ལས་འགོར་མེད་པས་བོར་བདག་གིས་ཉེན་རྟོག་པའི་ནུས་ཆེའི་ལས་དོན་སྒྲུབ་སྟངས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

    བཅོས་སྐྱོང་གི་དཀའ་གནད་སེལ་བའི་ལག་ལེན་དང་ཕན་འབྲས།

    བུམ་ཆབ་ཆུ་མིག་སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ཁང་གི་མི་དམངས་ཉེན་རྟོག་པ་ཧྥན་ཡིའུ་ཧྲུན་གྱིས། སྡེ་ཁུལ་རྙིང་པ་ཞིག་ཡིན་པའི་བུམ་ཆབ་ཆུ་མིག་སྡེ་ཁུལ་དེ་སྔ་བཅོས་སྐྱོང་གི་རྨང་གཞི་ཞན་པ་མ་ཟད། བདེ་འཇགས་ཀྱི་དུས་བབ་རྙོག་འཛིང་ཆེ་བ་དང་། ཉེན་རྟོག་སྟོབས་ཤུགས་ཁ་ཐང་བ། ཞབས་ཞུའི་དགོས་མཁོ་སྣ་མང་སོགས་ཀྱི་དཀའ་ངལ་དངོས་འཕྲད་མྱོང་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་བསྟར་ནས་མང་ཚོགས་ཀྱི་དུས་བདེའི་རེ་སྒུག་ལ་ལན་སློག་ཆེད། རིག་ལྡན་ཉེན་དོན་འཛུགས་སྐྱོང་བྱ་རྒྱུ་དེ་བཅོས་སྐྱོང་གི་དཀའ་གནད་སེལ་བ་དང་ཞབས་ཞུའི་ནུས་ཕྱོད་ཆེ་རུ་གཏོང་བའི་དགོས་ངེས་ཀྱི་གདམ་གར་གྱུར་ཡོད་ཅེས་ངོ་སྤྲོད་བྱས།

    རིག་ལྡན་མ་ལག་སྤྱོད་འགོ་ཚུགས་ཚུན། སྡེ་ཁུལ་གྱི་རྒྱུ་ནོར་འཕྲོག་བཅོམ་རིགས་ཀྱི་ཉེན་བརྡའི་གནས་ཚུལ་དུས་མཚུངས་ལས་66%ཆག་ནས་ཉེན་དོན་དང་ལེན་གྱི་དུས་ཚོད་ཆ་སྙོམས་30%ཐུང་དུ་ཕྱིན་པ་དང་། གྲངས་གཞི་ཆེན་པོར་བརྟེན་ནས་བོགས་གཏོང་ཁང་པ་དང་ཕྱོགས་མི་གནད་སྨིན་ངང་དོ་དམ་ཚོད་འཛིན་ཐུབ་སྟེ་སྒྲིག་འགལ་གཉེར་སྐྱོང་དང་མེ་ཟོན་སོགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཏེ་མང་ཚོགས་ཀྱི་བདེ་འཇགས་འབྱུང་རྩ་ནས་སྲུང་བ། རིག་ལྡན་སྔོན་དཔག་བརྡར་གཅོད་དང་སྣ་མང་འདུམ་འགྲིག་ཟུང་འབྲེལ་བྱེད་སྟངས་བརྒྱུད་རྩོད་གཞིའི་རིགས་ཀྱི་ཉེན་དོན་དུས་མཚུངས་ལས་72%ཆག་སྟེ“དོན་ཆུང་དྲ་མིག་ནས་ཐག་གཅོད་ཐུབ་པ་དང་། དོན་ཆེན་སྡེ་ཁུལ་ནས་ཐག་གཅོད་ཐུབ་པ། འགལ་ཟླ་གོང་ཞུ་བྱེད་མི་དགོས་པ”བཅས་མངོན་འགྱུར་བྱུང་བ། དྲ་ཐོག་དང་དྲ་ཕྱིར་འཕྲལ་མར་དང་ལེན་བྱས་པས་རོགས་སྐྱོབ་རིགས་ཀྱི་ཉེན་དོན་དུས་མཚུངས་ལས་57%ཆག་སྟེ་མང་ཚོགས་དོན་དག་སྒྲུབ་སྐབས་ཡང་སེ་རྒྱུག་མི་དགོས་པ་དེ་རྒྱུན་རྣམ་དུ་གྱུར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད་པ་རེད།

    རིག་ལྡན་ཉེན་དོན་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཏིང་བ།

    མིག་སྔར་འཕྲད་པའི་འགྲན་སློང་གཙོ་བོའི་སྐོར་གླེང་སྐབས། བུམ་ཆབ་ཆུ་མིག་སྡེ་ཁུལ་གྱི་ཉེན་དོན་ཁང་གི་ལས་བྱེད་ཉེན་རྟོག་པ་ཧྥན་ཡིའུ་ཧྲུན་གྱིས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཁག་གཅིག་གིས་གྲངས་འཛིན་ལ་རྒྱུས་མངའ་ཆུང་བ་དང་རིག་ལྡན་སྒོ་བྱང་དང་དྲ་ཐོག་ལས་སྒྲུབ་སོགས་རིག་ནུས་བཀོལ་སྤྱོད་དང་ལེན་བྱེད་ཚད་དང་བཀོལ་སྤྱོད་ནུས་པ་ཅུང་ཆུང་རྐྱེན་རིག་ལྡན་ཞབས་ཞུའི་ཀུན་ཕན་རང་བཞིན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེས་མ་ཟད་སྡེ་ཚན་ཁག་གི་ཆ་འཕྲིན་མ་ལག་རྦད་དེ་ཤར་གཏོང་ཐུབ་མེད་སྟབས“གྲངས་གཞི་ཁེར་ཆགས”ཀྱི་གནས་ཚུལ་ཡོད་པས་གཞི་རིམ་གྱི་སྟོབས་ཤུཌ་ཁག་གཅིག་གི་རིག་ལྡན་ཅན་གྱི་ནུས་པ་ཆེ་རུ་གཏོང་དགོས་ཀྱི་ཡོད་ཅེས་བཤད།

    འབྱུང་འགྱུར་ལ་ཕྱོགས་སྐབས་ཧྥན་ཡིའུ་ཧྲུན་གྱིས། བུམ་ཆབ་བུམ་ཆབ་ཆུ་མིག་སྡེ་ཁུལ་ཉེན་དོན་ཁང་གིས་རིག་ལྡན་ཉེན་དོན་འཛུགས་སྐྱོང་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་འགྲན་སློང་ལ་ཐད་ཀར་ཁ་གཏད་གཅོག་པ་དང་གནད་སྨིན་ཇུས་བསྟར་བྱས་ཏེ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡིན་ཞེས་བཤད། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་དང་བསམ་གྲུབ་རྩེ་ཡན་ལག་ཅུས་ཏང་ཨུད་ཀྱི་སྐུལ་འདེད་འོག་རིག་ལྡན་མ་ལག་རིམ་སྤོར་བྱས་ཏེ་སྤྱི་བདེ་དང་། རྒན་གསོ། གྲོན་འཇལ། སྲིད་དོན་སོགས་ཀྱི་ཞབས་ཞུ་དང་མཉམ་འདྲེས་གཏིང་ཟབ་བྱས་ནས“དྲ་གཅིག་ཀུན་སྒྲུབ་དང་དྲ་གཅིག་སྤྱི་འདོམས”ཀྱི་དམངས་འཚོའི་ཞབས་ཞུའི་ལས་སྟེགས་གཏོད་རྒྱུ་དང་། “མི་དམངས་ཉེན་རྟོག་པ་དང་། དྲ་མིག མང་ཚོགས”བཅས་ཟུང་དུ་འབྲེལ་བའི་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཇོ་མོ་གླང་མའི་འོས་འགན་ཉེན་རྟོག་པ་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་བཀོད་པ་གསར་པ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།