དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལྔ་གཅིག”ངལ་གསོའི་རིང་ཕྱོགས་ཐོན་འགྲུལ་པ་མང་དུ་ཕྱིན་པ།

    ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་58སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-04

    ཉེ་ཆར། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་29ཉིན་ས་མཐོའི་ལྕགས་ལམ་གྱི“ལྔ་གཅིག”ངལ་གསོའི་རིང་གི་སྐྱེལ་འདྲེན་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ཟླ་5ཚེས་6ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་ཁྲི་58སྐྱེལ་འདྲེན་བྱེད་རྒྱུ་ཡིན་པ་དེ་དུས་མཚུངས་ལས་1.82%འཕར་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་7.25སྐྱེལ་འདྲེན་བྱ་རྒྱུ་ཡིན་ལ། འགྲུལ་པ་མང་ཤོས་ཀྱི་ཉིན་ནི་ཟླ་5ཚེས་1ཉིན་ཡིན་པ་དང་སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་ཁྲི་9.5སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།