དུས་ཚིགས་དང་པོར་བོད་ཀྱི“ཐོན་གསར་གསུམ”གྱི་ཐོན་རྫས་ཕྱིར་གཏོང་ བྱེད་ཚད་དུས་མཚུངས་ལས་23.9%འཕར་བ།
གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་བོད་ཀྱི“ཐོན་གསར་གསུམ”(ནུས་རྒྱུ་གསར་པའི་རླངས་འཁོར་དང་། འོད་ཤུགས་ཐོན་རྫས། ལིས་གློག་རྫས)ཕྱིར་གཏོང་བྱེད་ཚད་རིམ་རྩིས་བརྒྱབ་ན་སྒོར་ཁྲི་7273.42ཟིན་པ་དེ་དུས་མཚུངས་ལས་23.9%འཕར་ཡོད་ཅིང་། དེའི་ནང་ལིས་གློག་རྫས་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ལྡབ་3.48དང་25.1%སོ་སོར་འཕར་ཡོད་པ་རེད།
“ཐོན་གསར་གསུམ”གྱི་ཐོན་རྫས་མགྱོགས་མྱུར་རྒྱལ་སྤྱིའི་ཁྲོམ་རར་བཏོན་པ་ནི་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གྱི་སྤུས་འབྲས་རིམ་སྤོར་བ་དང་དེ་བཞིན་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པའི་ཐད་ཀའི་མཚོན་ཚུལ་ཞིག་རེད། “ཐོན་གསར་གསུམ”གྱི་ཐོན་རྫས་ནུས་ལྡན་ངང་རྒྱལ་སྤྱིའི་ཁྲོམ་རར་འདོན་རྒྱུར་རམ་འདེགས་བྱ་ཆེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཐོན་རྫས་ཀྱི་ཁྱད་ཆོས་དང་ཁེ་ལས་ཀྱི་དགོས་མཁོར་དམིགས་ནས་སྟབས་བདེ་ཅན་གྱི་བྱེད་ཐབས་འོས་འཚམ་བཟོས་ཤིང་། རེ་ཞུའི་ལྷུ་ཚིགས་ཐད“སྐར་ཁུང་རྐྱང་པའི”ལས་སྟེགས་སུ“རིག་ནུས་གཞོགས་འདེགས་རེ་ཞུའི”ལས་སྟེགས་ཀྱི་སྣ་མང་བྱེད་ནུས་གསར་དུ་བསྣན་པ་དང་། ཟོག་འགྲེམས་ལྷུ་ཚིགས་ཐད“སྤ་སེ་གཅིག་ལ་རླངས་འཁོར་མང་བའི”རེ་ཞུ་ཁྱབ་གདལ་གཏོང་བ་དང“སྐམ་སའི་གྲུ་ཁ་རེ་ཞུ་དང་། ཁོངས་གཏོགས་ས་ཆ་ཞིབ་བཤེར། འགག་སྒོ་ཤར་གཏོང་བཅས་བྱེད་པའི”ལྟ་འདོམས་བྱེད་སྟངས་རྩེག་སྣོན་བྱས་པ། ས་ཡུལ་དངོས་ཀྱི་ལྟ་འདོམས་ལྷུ་ཚིགས་ཐད། རིག་ནུས་ཞིབ་བཤེར་སྒྲིག་ཆས་སོགས་ཆ་འཕྲིན་ཅན་གྱི་བྱ་ཐབས་ལ་བརྟེན་ནས་དུས་ཚོད་ཐུང་ཤོས་ཀྱི་གནད་སྨིན་ཞིབ་བཤེར་མངོན་འགྱུར་བྱུང་ཡོད། གཞན་ཡང་ལིས་གློག་རྫས་སོགས་ཉེན་ཡོད་ཐོན་རྫས་ལ་དམིགས་ནས“ཕྱིར་གཏོང་ལིས་གློག་རྫས་ཐུམ་སྒྲིལ་གྱི་བློ་རིག་ལྟ་འདོམས”ཀྱི་ལས་སྒོའི་རྣམ་པ་འདྲ་བཟོ་དང་ཁྱབ་གདལ་མགྱོགས་སུ་བཏང་བ་དང་། ཉེན་ཡོད་དངོས་རྫས་ཀྱི“དྲ་ཐོག་གསལ་འབྱེད”རྣམ་གྲངས་སྤྱོད་ཤུགས་ཆེ་རུ་བཏང་ནས་གསལ་འབྱེད་དུས་ཡུན་ཆེས་ཆེར་ཐུང་དུ་བཏང་བ་རེད།
གོམ་སྟབས་རྗེས་མར། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“ཐོན་གསར་གསུམ”གྱི་ཕྱིར་གཏོང་དགོས་མཁོར་དམ་པོར་གཞིགས་ཏེ། འགག་སྒོ་སྒྲོལ་བའི་ལྟ་འདོམས་བྱེད་སྟངས་སྒྱུར་བཅོས་ཟབ་ཏུ་རྒྱུན་མཐུད་གཏོང་བ་དང་། འགག་སྒོའི་རིག་ནུས་སྒྲིག་ཆས་རིམ་སྤོར་བྱས་ཏེ། བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཤར་གཏོང་བྱས་ནས། “ཀྲུང་གོའི་རིག་ནུས་བཟོ་སྐྲུན”གྱི་ཐོན་རྫས་དེ་བས་མང་བ་གངས་ལྗོངས་མཐའ་མཚམས་འགག་སྒོ་ནས་ཨེ་ཤེ་ཡ་ལྷོ་མར་ཁྱབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།