ལྔ་གཅིག་དུས་བཟང་ས་མཐོར་འཆར་བའི་ཚེ། ཡུལ་གྲུ་ཀུན་ཏུ་དགའ་སྤྲོའི་རྣམ་པས་ཁེངས།


ཟླ་5ཚེས་1ཉིན“གནས་མཆོག་ལྷ་ས། ཡིད་འོང་ཁྲེང་ཀོན”གྱི་རྟ་རྒྱུག་བྱེད་སྒོ་སྐབས་དང་པོ་རང་སྐྱོང་ལྗོངས་རྟ་རྒྱུག་ཐང་དུ་སྤེལ་ཞིང་། འདི་ནི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་ངོམ་སྟོན་བྱ་ཡུལ་ཡིན་པ།

ཟླ་5ཚེས་1ཉིན་2026ལོའི་བོད་ལྗོངས(ལྷ་ས)ཀྲུང་ཕྱིའི་ཚོང་ཟོག་འགྲེམས་ཚོགས་ལྷ་ས་གསོལ་མགྲོན་ཁང་དུ་སྤེལ་བ་དང་། འགྲེམས་ཡུན་ཟླ་5ཚེས་6ཉིན་བར་ཡིན་པ་རེད། འདི་ནི་གྲོང་མིས་ཚོང་ཟོག་ཉོ་བཞིན་པ།

ནོར་བུ་གླིང་ཁར“བོད་ཀྱི་ཉམས་འགྱུར་གྱིས་ཕྱུག ལྔ་གཅིག་དགའ་བས་རོལ”ཞེས་པའི་རིག་གནས་མྱོང་རོལ་གྱི་རིམ་སྤེལ་བྱེད་སྒོ་སྤེལ་ཞིང་། འདི་ནི་ལྷ་མོ་འཁྲབ་སྟོན་བྱ་ཡུལ་ཡིན་པ།
ཟླ་ལྔ་པའི་གངས་ལྗོངས་ས་མཐོར་དཔྱིད་ཀྱི་དཔལ་ཡོན་རྒྱས་ཤིང་སྐྱེ་སྟོབས་ཀྱིས་ཕྱུག་བཞིན་འཆིས།
གུང་གསེང་གི་གོ་སྐབས་དང་བསྟུན་ནས་རང་ལྗོངས་ཀྱིས་ས་གནས་དེ་གའི་ཁྱད་ཆོས་ལ་གཞི་བཙུགས་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་རིམ་སྤེལ་བྱེད་སྒོ་སྤེལ་བས། གྲོང་མི་མང་པོ་ཞིག་ཁྱིམ་ནས་ཐོན་ཏེ་མཛེས་ལྗོངས་ལ་རོལ་ཞོར་སྤྲོ་གསེང་དང་དམངས་སྲོལ་མྱོང་རོལ་བྱེད་པ་སོགས་གང་སར་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཡོད།
འབྲེལ་ཡོད་གསར་འགྱུར།