ནགས་ཚལ་མེ་ཟོན་གྱི་འགོག་རགས་བརྟན་པོ་བསྐྲུན་ཏེ་དཔྱིད་དུས་ཀྱི་མེ་ཟོན་བདེ་འཇགས་འགན་ལེན་བྱེད།

འདི་ནི་ཉིང་ཁྲི་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་ཉིང་ལག་རུ་ཁག་བྲག་ཡིབ་རུ་ཆེན་གྱི་བཀོད་འཐབ་པས་མང་ཚོགས་ལ་རོགས་རམ་བྱེད་བཞིན་པ།

འདི་ནི་ཉིང་ཁྲི་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་ཉིང་ལག་རུ་ཁག་བྲག་ཡིབ་རུ་ཆེན་གྱི་བཀོད་འཐབ་པས་གླིང་ཁུལ་དུ་བསྐྱོད་དེ་སྐོར་སྐྱོད་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ནི་ཉིང་ཁྲི་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་ཉིང་ལག་རུ་ཁག་བྲག་ཡིབ་རུ་ཆེན་གྱི་བཀོད་འཐབ་པས་མང་ཚོགས་ལ་མེ་ཟོན་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

འདི་ནི་མང་ཚོགས་ཀྱིས་དྲིལ་བསྒྲགས་དངོས་རྫས་ལེན་བཞིན་པ།
ཉེ་ཆར། ཉིང་ཁྲི་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་ཉིང་ལག་རུ་ཁག་བྲག་ཡིབ་རུ་ཆེན་གྱིས་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་ཡོང་སྟེ་ཡུལ་སྐོར་བ་འདུ་འགྲེམས་ས་ཚིགས་དང་ཁམ་བུའི་གླིང་གི་ལྟེ་བའི་ཁུལ་དུ་དམིགས་བཀར་གྱི་མེ་ཟོན་དྲིལ་བསྒྲགས་ས་ཚིགས་བཙུགས་ནས་རྒྱ་བོད་སྐད་གཉིས་ཀྱི་འགྲེམས་པང་དང་། དྲིལ་བསྒྲགས་ལག་དེབ། ས་གནས་ས་ཐོག་གི་གསལ་འགྲེལ་བཅས་བརྒྱུད་དེ་ཡུལ་སྐོར་བར་ནགས་ཚལ་མེ་ཟོན་གྱི་ཤེས་བྱ་དང་འཕྲལ་སྡོམ་ཉེན་གཡོལ་གྱི་རྩལ་ནུས་ཁྱབ་གདལ་བཏང་ཡོད། གཞན་ཡང་ལས་སྒྲུབ་མི་སྣས་རླུང་ཤུགས་ཀྱི་མེ་གསོད་འཕྲུལ་འཁོར་དང་སྣ་མང་ལག་ཆ་སོགས་ཆེད་ལས་སྒྲིག་ཆས་ཁྱེར་ནས་གཡང་གཟར་བའི་རྐང་ཐང་བགྲོད་ལམ་དང་ནགས་ཁུལ་གྱི་ལམ་ཆུང་རྒྱུད་དུ་ལེབ་བཤེར་རྣམ་པའི་སྐོར་ཞིབ་བྱས་ཏེ་ཐོལ་བྱུང་གནས་ཚུལ་ཐོན་སྐབས་འཕྲལ་མར་ཐག་གཅོད་ཡག་པོ་བྱེད་ཐུབ་པའི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།