རྩིས་ཁྲ་ཁག་གསུམ་གྱི་ཁེ་སྤོགས་བཟང་། གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཡངས།

འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་གིས་མང་ཚོགས་ལ་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བགོ་འགྲེམས་བྱེད་བཞིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྐབས་གཉིས་པ་གཉེར་བའི་གནས་ཚུལ་ཡིན་པ།
གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནོར་གནས་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོའི་བརྗོད་དོན་གཙོ་བོ་དང་དམངས་འཚོ་ལེགས་གཏོང་དང་ཐུན་མོང་ཕྱུག་འགྱུར་ལ་དམིགས་ནས་མཉམ་སྡེབ་ཀྱི་ཁེ་སྤོགས་བགོ་འགྲེམས་དང་། རྩལ་ནུས་གསོ་སྦྱོང་། ས་ཁྲོམ་དཔལ་འབྱོར་བཅས་ཀྱི“རྩིས་ཁྲ་ཁག་གསུམ”གྱི་ཚོང་ཡག་པོ་བརྒྱབ་པས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད།
མཉམ་སྡེབ་ཁེ་སྤོཌ་བགོ་འགྲེམས་བརྒྱབ་ནས་འཕེལ་རྒྱས་ཀྱི་ཕན་པ་ཐོབ་པར་བྱས་པ།
ནོར་གནས་ཤང་གིས་གཞི་རིམ་གྱི་སྟོན་ཕྱོགས་ལ་དམ་འཛིན་མཐའ་འཁྱོངས་བྱས་ཏེ“ཀྲི་པུའུ་ཡིས་ཁྲིད་སྟོན་བྱེད་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ། མང་ཚོགས་ཞུགས་པ”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་ཡག་པོ་བསྐྱོད་དེ་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་འཕེལ་བར་བྱས་ཡོད།
ད་ལོར་ནོར་གནས་ཤང་གིས“ཤང་ཡོངས་ལ་ཁྱབ་པར་བྱེད་པ་དང་མི་གཅིག་ཀྱང་མི་ལུས་པའི”རྩ་དོན་གཞིར་བཟུང་། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ནས་སྒོར་ཁྲི་280ལྷག་ཙམ་བགོ་འགྲེམས་བརྒྱབ་པར་དུད་ཚང་454ཡི་མི་4050ལ་ཕན་པ་ཐོབ་ཡོད། མང་ཚོགས་ཡོངས་ལ་བགོ་འགྲེམས་བརྒྱབ་པའི་རྨང་གཞིའི་ཐོག་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་གནད་སྨིན་ངང“ཡོང་འབབ་དམའ་བ་མཐོར་གཏོང་དང་ཡོང་འབབ་འབྲིང་བར་རྒྱ་སྐྱེད”དེ་མཉམ་སྡེབ་ཁེ་སྤོགས་ཁྲོད་ནས་ཆེད་དོན་མ་དངུལ་བཏོན་ཏེ། དབུལ་སྒྲོལ་དུད་ཚང་དང་། ལྟ་ཞིབ་ཚད་ལེན་དུད་ཚང་། དེ་བཞིན་ནད་གཞི་དང་། དབང་སྐྱོན། སློབ་ཡོན་བཅས་རྐྱེན་གྱིས་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ལ་ལྟ་རྟོག་ཐེངས་གཉིས་བྱས་ཤིང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་186ལ་རོགས་སྐྱོར་མ་དངུལ་ཐོལ་པ་སྒོར་ཁྲི་6.96རག་པས“ཐ་སྐྱོང་ལ་འགན་ལེན་དང་ཕྱུག་འགྱུར་ལ་རྒྱབ་རྟེན”དངོས་འབྲེལ་བྱུང་ཡོད།
གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སོ་སོའི་རྩལ་ནུས་འདོན་ཐུབ་པར་བྱས་པ།
ནོར་གནས་ཤང་གིས་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་དེ་ཤེས་ལྡན་པ་གསོ་སྐྱོང་དང་མཉམ་འདྲེས་གཏིང་ཟབ་བྱས་པའི་ཐོག་ས་གནས་དེ་གའི་ཚ་ལ་བཟོ་གྲྭ་དང་ཞིང་འབྲོག་པའི་ཨར་ལས་རུ་ཁག་སོགས་གཉེར་སྐྱོང་བྱེད་པོར་བརྟེན་ནས“ཁེ་ལས་དང་། གྲོང་ཚོའི་མཉམ་སྡེབ། ཞིང་དུད་བཅས་ཟུང་འབྲེལ”གྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་པ་དང་། ལས་མི་སྤྱོད་སྐབས་ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་སྔོན་ལ་བསྡུ་བ་དང་དབུལ་སྒྲོལ་དུད་ཚང་ལ་གཙོ་བོར་ཕྱོགས་པའི་གཟིགས་སྐྱོང་སྲིད་ཇུས་ཁྱབ་གདལ་བཏང་ཡོད།
མིག་སྔར་ས་གནས་དེ་གའི་གཉེར་སྐྱོང་བྱེད་པོས་མང་ཚོགས་65ལས་ཞུགས་ཐུབ་པར་བྱས་པའི་ནང་དབུལ་སྒྲོལ་དུད་ཚང་31ཡོད་པ་དེ་དག་སྐྱེལ་འདྲེན་དང་། བཟའ་བཏུང་། ཉམས་གསོ་སོགས་ཀྱི་ཁྱབ་ཁོངས་མང་པོར་ཞུགས་ཡོད། སྔོན་ཆད་ཞིང་དལ་སྐབས་ལས་ཀ་མེད་པའི་མང་ཚོགས་ད་ཆ་ཁྱིམ་གྱི་སྒོ་རྩ་ནས་རྩལ་ནུས་སྦྱོང་རྒྱུ་བྱུང་སྟེ། “སྲིད་ཇུས་ལ་བརྟེན་ནས་ཐ་སྐྱོང་བ”ནས“རང་ངོས་ཀྱི་འཇོན་ཐང་ལ་བརྟེན་པའི”བར་བསམ་བློར་འགྱུར་ལྡོག་བྱུང་ཡོད།
ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་ད་དུང་རྫོང་རིམ་པའི་སྡེ་ཚན་དང་མཉམ་དུ་ལག་རྩལ་སྒོ་རྩར་ཁྱབ་གདལ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་དང་སྒྲིག་ཆས་བཀོལ་སྤྱོད་སོགས་དམིགས་ས་ཡོད་པའི་གསོ་སྦྱོང་ཐེངས་7བྱས་པར་མང་ཚོགས་མི་ཐེངས་120ལྷག་ཙམ་ཞུགས་ཐུབ་ནས་མང་ཚོགས་ལ“ལས་ཀ་བྱ་རྒྱུ་ཡོད་པའི”ཁར་དེ་བས་ཡག་པོ་སྒྲུབ་ཐུབ་པའང་བྱུང་ཡོད།
ཚོང་གཉེར་ཁོར་ཡུག་ལེཌ་སུ་བཏང་ནས་ས་ཁྲོམ་དཔལ་འབྱོར་འཕེལ་རྒྱས་བཏང་བ།
ནོར་གནས་ཤང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་མདུན་ཕྱོགས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཞབས་འདེགས་ཞུས་ནས། ངོ་ཐུག་གདོང་འཕྲད་ཀྱིས་རེ་ཞུ་ཉན་པ་དང་། སྲིད་ཇུས་ལ་སྣང་ཆེན་བྱེད་པ། ངར་ཤུགས་འཕེལ་བ་བཅས་བྱས་ཏེ་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་རྒྱས་པར་བྱས་ཡོད།
“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་འགྲན་བསྡུར་ལ་བརྟེན་ནས་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་འགྲན་བསྡུར་ལ་ལྟ་མཁན་ཉོ་མཁན་དུ་འགྱུར་བར་བྱ་ཆེད། འགྲན་རའི་མཐའ་འཁོར་དུ“འབབ་འཕར་དམངས་ཕན་གྱི་ཞབས་ཞུའི་ཁུལ”སྔ་སྣུར་དུ་གཏན་འཁེལ་བྱས་ནས་ཁྲོམ་བཀྱག་བཀོད་སྒྲིག་དང་། སྒྲིག་ལམ་སྲུང་བ། བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བཅས་སྤྱི་འདོམས་ཡག་པོ་བྱས་ཏེ་མང་ཚོགས་ཐག་ཉེ་སར་ལས་གཏོད་ཐུབ་པའི་ལས་སྟེགས་བསྐྲུན་ཡོད། འགྲན་བསྡུར་བྱེད་རིང་། ཞབས་ཞུ་ཁུལ་གྱི་གྱོན་ཆས་དང་། ལྷམ། ཞྭ་མོ། སྲོལ་རྒྱུན་གྱི་ཞིམ་ཟས་སོགས་ཡོད་པའི་ཁྲོམ་བཀྱག་གི་ཚོང་བྲིན་ཁ་རྒྱུག་པ་མ་ཟད། རིམ་རྩིས་བརྒྱབ་ན་ཉེ་འཁོར་གྱི་གཉེར་སྐྱོང་བྱེད་པོས་ཚོང་ཟོག་སྣ་ཁ་570ལྷག་ཙམ་བཙོངས་པར་དངུལ་སྒོར་ཁྲི་6.3རག་ཡོད། དེ་སྔའི“ལྟ་མཁན”“མངོན་འགྱུར་བར”གྱུར་ལ། “ཚོང་ཙག་ཙིག”དེ་འབབ་འཕར་ཡོང་བའི“དར་བཟོའི་དཔལ་འབྱོར”ཞིག་ཏུའང་གྱུར་ཡོད།
བགོ་འགྲེམས་བརྒྱབ་པ་ནས་གསོ་སྦྱོང་བྱེད་པའི་བར་དང་། ལས་ཞུགས་ནས་ལས་གཏོད་བྱེད་པའི་བར། ནོར་གནས་ཤང་གིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། གསར་བརྗེའི་སློབ་གསོ་དང་། རྩལ་ནུས་མཐོར་གཏོང་། རིག་གནས་དར་སྤེལ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་གཏན་དུ་འགྱུར་བར་བྱས་ནས། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་དུ་བསྐྲུན་རྒྱུར་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།