དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མལ་གྲོ་གུང་དཀར་རྫོང་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་​བྱ་ཐབས་སྣ་མང་སྤྱད་དེ་བུད་མེད་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་འགན་སྲུང་གི་ལས་དོན་ཏན་ཏིག་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-01

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས“བུད་མེད་ལས་བཟོའི་ཁེ་དབང་སྲུང་སྐྱོང་བྱ་སྤྱོད་ཟླ་བའི”ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ་དང་། ཁོངས་གཏོཌ་ཀྱི་བུད་མེད་ལས་བྱེད་པ་དང་ལས་བཟོའི་ལས་ཞོར་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོཌ་སུ་བཏང་ནས་བུད་མེད་ཀྱི་འབད་འཐབ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད་པ་རེད།

    བྱེད་སྒོ་འགོ་ཚུགས་མ་ཐག“བུད་མེད་ལ་གཡས་གཞོགས་གཡོན་འདེགས”ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ཁྱབ་གདལ་གྱི་སློབ་ཁང་ཆུང་གྲས་དངོས་སུ་སློབ་འགོ་ཚུགས་ཤིང་། ལས་དོན་པས་བུད་མེད་ལས་བཟོའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་རྒྱུར་དམིགས་པ་དང་གཞི་རིམ་ལས་དོན་གྱི་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས། 《བུད་མེད་ལས་བཟོའི་ངལ་རྩོལ་སྲུང་སྐྱོང་གི་དམིགས་བསལ་གཏན་འབེབས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཕྱོགས་ཡོངས་དང་ཞིབ་ཚགས་པའི་སྒོ་ནས་གསལ་འགྲེལ་བྱས་ཡོད། ས་གནས་ས་ཐོག་ཏུ་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་དང་དོགས་གཞིར་ལན་འདེབས་ས་བཙུགས་ཏེ་བུད་མེད་ལས་བཟོས་དོ་ཁུར་བྱེད་པའི་ཁེ་དབང་གི་གནད་དོན་ལ་དམིགས་ནས་ངང་རྒྱུད་རིང་པོས་ལན་བཏབ་པས། བུད་མེད་ལས་བྱེད་པ་དང་ལས་བཟོའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཆེ་རུ་ནུས་ལྡན་ཕྱིན་ནས་བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་ཕྱིན་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།