དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་བདེ་སྐྱིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-30

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2026ལོའི་མཚོ་སྔོན་དུ་ཡུལ་སྐོར་ལ་ཡོང་མཁན་མང་དུ་འགྲོ་བ་དང་བསྟུན་ནས། གངས་དཀར་ཕྱོགས་ལས་རྣམ་རྒྱལ་རི་བོ་འཛེག་མཁན་དང་། སྒོ་མེ་ལའི་ཉི་ཤར་ལ་ལྟ་མཁན། མཚོ་སྔོན་པོའི་ངང་པར་ལྟ་མཁན་གྱི་ཡུལ་སྐོར་བ་མང་དུ་སོང་བ་སོགས། མི་ཚོགས་ཀྱིས་ཁེངས་པའི་རྣམ་པ་ལས་མཚོ་སྔོན་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ནས། མཚོ་སྔོན་གྱི་ཡུལ་སྐོར་རིག་གནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་དང་ལག་ལེན་གསར་པར་གསོན་ཉམས་དོད་པོས་འགྲེལ་བཤད་རྒྱག་བཞིན་མཆིས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཚུགས་ལོར་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མགྱོགས་མྱུར་གཏོད་པར་དམིགས་ཏེ། རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་ནས། རིག་གནས་ཡུལ་སྐོར་ཐོན་ལས་དེ་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།

    2026ལོར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“སྣ་འདུས་ཐབས་བཟང”མུ་མཐུད་ཡག་པོ་སྤྱད་དེ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་འབྲས་ལེགས་གཉེར་དང་ཚད་རིམ་གཉིས་སྤར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་སྤྱི་ཅན་གྱི་ཚད་ལྡན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལས་གྲྭ་དང“རྨང་བརྟན་གསར་བརྗེས”ཀྱི་བྱ་སྤྱོད་སྤེལ་ནས་མཚོ་སྔོན་པོ་དང་ཚྭ་འདམ་གཤོངས་ས་སྐོར་བ་དང་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཆུ་ཚད་མཐོ་པོས་སྤྱི་འདོམས་བྱེད་པ་དང་། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་འཛུགས་སྐྲུན་བྱེད་འགོ་འཛུགས་པ། གངས་འཁྱགས་ཡུལ་སྐོར་གྱི་རིམ་སྤོར་འཆར་གཞི་ལག་ལེན་བསྟར་བ། “གསོ་རླུང་འབེལ་བའི་ཡུལ་སྐོར་བྱ་སྤྱོད”ཀྱི་ཁྱད་ལྡན་ཞབས་ཞུའི་མ་ལག་ཧུར་ཐག་གཏོད་པ་བཅས་བྱས་ནས། སྤུས་ཚད་མཐོ་བའི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་རེད། “རིག་གནས་ཡུལ་སྐོར་དང་ལས་རིགས་སྣ་ཚོགས་ཟུང་འབྲེལ”དང“ལས་རིགས་སྣ་ཚོགས་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ” རྒྱུན་མཐུད་ཟབ་ཏུ་བཏང་ནས། རིག་གནས་ཡུལ་སྐོར་དེ་ཞིང་འབྲོག་དང་། ལུས་རྩལ། ཚོང་དོན། འགྲན་བསྡུར། ལུས་གསོ། འཁྲབ་སྟོན་སོགས་ལས་རྣམ་མང་པོ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པར”རྒྱང་ལྟ་བྱས་ཚེ། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་གྱི་སྤྱིའི་དམིགས་ཚད་ལ་དམིགས་ནས། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མཉམ་འདྲེས་གཏིང་ཟབ་གཙོ་རྐང་དུ་བྱས་ནས་ལས་རྣམ་གསར་གཏོད་དང་། ཐོན་རྫས་རིམ་སྤོར། ཁྲོམ་ར་རྒྱ་སྐྱེད་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། ཕུལ་བྱུང་རིག་གནས་ཐོན་ཁུངས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་འབྲེལ་འགྱུར་བ་བཅས་བྱས་ནས། ཁྱད་ལྡན་ཡུལ་སྐོར་ཉམས་ལེན་དེ་དམངས་ཡོངས་མཉམ་སྤྱོད་ཀྱི་བསམ་པའི་ཡིད་གསོས་སུ་འགྱུར་བར་བྱ་རྒྱུ་དེ་རེད། སྒྱུ་རྩལ་རྩེ་གྲའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་ནང་དོན་ཟབ་པ་དང་། སྒྱུ་རྩལ་རྩེར་སོན། བཟོ་རྩལ་སྤུས་ལེགས་བཅས་ཀྱི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་ཁག་ཅིག་གསར་གཏོད་བྱེད་པ་དང་། རིག་རྩལ་དང་སྨྱན་སྦྱོར་གསར་པ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས་མང་ཚོགས་དེ་བས་མང་བར་ལྟ་འདོད་ལ་ཉན་སྤྲོ་བའི་དྲ་རྒྱའི་རིག་གནས་བརྩམས་ཆོས་མཁོ་འདོན་བྱ་རྒྱུ་རེད། སྤུས་ལེགས་ཀྱི་རིག་གནས་ཐོན་ཁུངས་གཞི་རིམ་དུ་ཐད་ཀར་སྤྱོད་པར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། རིམ་ལྔའི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་ཞབས་ཞུའི་ཁྱབ་རྒྱ་དང་སྤྱོད་འཐུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ས་མཐོའི་ཁྱད་ཆོས་ལྡན་ལ་མཚོ་སྔོན་ཤེས་རྟོགས་ཐུབ་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོའི་སྤུས་རྟགས་གཏོད་རྒྱུ་རེད། རིག་གནས་ཡུལ་སྐོར་སྤུས་རྟགས་མཐོར་གཏོང་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ནས། “རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན” ཞེས་པའི་སྤུས་རྟགས་རྒྱུན་མཐུད་བཏོད་དེ། མཚོ་སྔོན་དེ་ཉིད་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་བློ་ཁ་ཕྱོགས་ས་དང་ཞེན་ཆགས་བྱ་ཡུལ་གྱི“ཕ་ཡུལ་གཉིས་པར”ནུས་ཤུགས་ཡོད་རྒུས་འགྱུར་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།