མཚོ་སྔོན་ཟི་ལིང་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ས་བཀྲ་ཁྱབ་བསྒྲཌ་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཟི་ལིང་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ས་བཀྲ་ཁྱབ་བསྒྲགས་བྱས་པ་རེད། ལྟེ་བའི་གྲོང་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་དམངས་གཉེར་ལས་རིགས་གསོ་སྦྱོང་སློབ་གྲྭ་དང་ལག་ཤེས་སློབ་གླིང་སོགས་གསོ་སྦྱོང་སྒྲིག་གཞིར་བརྒྱུད་རིམ་ལྡན་པའི་མཐིལ་རྟོགས་དང་། གནད་ལ་འཁེལ་བའི་ཞིབ་བཤེར། སྐབས་བསྟུན་གནས་ཚུལ་ཕྱོགས་སྡོམ་བཅས་བྱས་རྗེས། ལས་རིགས་རྩལ་ནུས་གསོ་སྦྱོང་གི་ས་བཀྲ་བཟོས་ནས་སྒྲིག་གཞི་ཁག་གི་ས་ཁམས་གནས་ཡུལ་དང་། འོས་ཐོབ་ཁྱབ་ཁོངས། དམིགས་བསལ་ཆེད་ལས་སོགས་ཀྱི་ཆ་འཕྲིན་ས་བཀྲ་གཅིག་ནས་ཐད་ཀར་ལྟ་ཐུབ་པ་བཟོས་ཡོད་པས། སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་ནས་ཐད་དཀར་སློབ་གྲྭ་འདེམས་ཐུབ་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།