ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གསར་འགོད་པའི་མནའ་འབྲེལ་ཚོགས་ཆེན་སྐབས་ཉེར་གཅིག་པ་མ་ལེ་ཞི་ཡར་འཚོགས་པ།
ཉེ་ཆར། “མི་ཐབས་རིག་ནུས་ཀྱི་འབྱུང་འགྱུར་དང་དེས་གསར་འགྱུར་ལས་རིགས་ལ་ཐེབས་པའི་ཤུགས་རྐྱེན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གསར་འགོད་པའི་མནའ་འབྲེལ་ཚོགས་ཆེན་སྐབས་ཉེར་གཅིག་པ་མ་ལེ་ཞི་ཡའི་རྒྱལ་ས་ཁྭ་ལ་ལུམ་ཕུར་དུ་འཚོགས་པ་རེད། མ་ལེ་ཞི་ཡ་དང་། ཧིན་རྡུ་ཉི་ཞི་ཡ། ཧྥི་ལི་ཕིན། ཐེ་ལན། ཝེ་ཐེ་ནམ། ལོ་སི། ཁམ་ཕུ་ཁྲེ་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་7དང་དེ་བཞིན་ལྟ་ཞིབ་པའི་རྒྱལ་ཁབ་འབར་མ་དང་། ཀྲུང་གོ ཧན་གོ་བཅས་ཀྱི་གསར་འགོད་པའི་རྩ་འཛུཌ་ཀྱི་འཐུས་མི་བརྒྱ་ཙམ་མཉམ་དུ་འཛོམས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གསར་འགྱུར་རྫུན་མར་རྡུང་རྡེག་གཏོང་བ། གསར་འགྱུར་ལས་རིགས་ཁྲོད་མི་ཐབས་རིག་ནུས་ལུགས་མཐུན་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞིར་དམིགས་ཏེ་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད། གཙོ་གཉེར་ཕྱོགས་ཡིན་པའི་མ་ལེ་ཞི་ཡའི་རྒྱལ་ཡོངས་གསར་འགོད་པའི་མནའ་འབྲེལ་གྱི་གདན་ཞུས་ལྟར་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་འཐུས་མི་ཚོགས་པ་མངགས་ཏེ། ལྟ་ཞིབ་པའི་མིང་ཐོག་ནས་ཚོགས་ཆེན་ལ་ཞུགས་པ་རེད།
མ་ལེ་ཞི་ཡའི་འཕྲིན་གཏོང་པུའི་པུའུ་ཀྲང་གཞོན་པ་ཀྲང་ཉན་ཆུན་གྱིས་འགོ་ཚུགས་མཛད་སྒོའི་ཐོག གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་འོག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་གྱིས་ཚད་གཞི་དེ་བས་མཐོ་བའི་ས་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་ཆབས་ཅིག མི་ཐབས་རིག་ནུས་བཀོལ་སྤྱོད་ཀྱི་ཀུན་སྤྱོད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་དགོས། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་སྨྱན་སྦྱོར་ལས་རིགས་སུ་བཀོལ་སྤྱོད་རྒྱ་ཁྱབ་ཐུབ་པ་དང་ཆབས་ཅིག ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གསར་འགྱུར་ལས་དོན་པས་མི་རྩ་བར་འཛིན་རྒྱུ་དེ་བས་མཐའ་འཁྱོངས་ཀྱིས“འགན་འཁྲི་འཁུར་བ་དང་མཉེན་ཆ་ལྡན་པའི་སྨྱན་སྦྱོར་གྱི་སྐྱེ་ཁམས་མ་ལག”ཧུར་ཐག་གཏོད་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།