“ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་ཀྲུང་ཧན་གྱི་ཇའི་རིག་གནས་སྤེལ་རེས་བྱེད་སྒོ་ཧན་གོར་སྤེལ་བ།
ཉེ་ཆར། “ཇ་སྟོན་བཤམས། གནམ་འོག་མཐུན”ཞེས་པའི་ཀྲུང་ཧན་གྱི་ཇའི་རིག་གནས་སྤེལ་རེས་བྱེད་སྒོ་ཧན་གོའི་ཆོན་ལུའོ་ནན་ཏའོ་ཁང་ཅིན་ཅུན་པའེ་ལན་དགོན་དུ་སྤེལ་ཞིང་། བྱེད་སྒོར། ཇ་ཤིས་ཧུའུ་ལུང་ཅིང་བཟོ་མཁན་ཧན་གོར་གདན་དྲངས་ཏེ། ཀྲུང་གོའི་ཇའི་རིག་གནས་དྲིལ་བསྒྲགས་བྱས་པ་དང་། ས་ཡུལ་དངོས་སུ་ཕྱོགས་མང་པོ་ནས་ཀྲུང་གོའི་ཇའི་བཟོ་རྩལ་ངོམ་སྟོན་བྱས་པ་རེད།
ད་རེས་ཀྱི་བྱེད་སྒོ་ནི་ཧྲོའར་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཧན་གོའི་ཁང་ཅིན་ཅུན་གྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཀྲུང་ཧན་གྱི་ཇ་བཟོ་རྩལ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་། ཀྲུང་ཧན་གྱི་ཇའི་རིག་གནས་ཀྱི་མི་བརྒྱའི་ཇ་ཚོགས། ཀྲུང་ཧན་གྱི་ཇའི་རིག་གནས་རྣམ་གྲངས་རྟོག་ཞིབ་དང་རིག་གཞུང་རྩད་ཞིབ་སོགས་ཀྱི་བྱེད་སྒོ་བརྒྱུད། ཀྲུང་གོའི་སྲོལ་རྒྱུན་གྱི་ཇའི་རིག་གནས་གསོན་ཉམས་དོད་པོས་མངོན་པ་དང་། རྒྱལ་ཁབ་གཉིས་པོས་མཉམ་སྤྱོད་བྱེད་པའི་ཨེ་ཤེ་ཡ་ཤར་མའི་རིག་གནས་སྦྲེལ་ཐག་སྤྱད་དེ་ཕན་ཚུན་དབར་གྱི་བསམ་ཤེས་དང་། སྤེལ་རེས། མཛའ་གྲོགས་བཅས་ཟབ་ཏུ་བཏང་བ་རེད།
ཧྲོའར་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀོན་ཝེས། ཀྲུང་ཧན་རྒྱལ་ཁབ་གཉིས་པོ་ས་ཐག་ཉེ་བ་དང་། འགྲོ་འོང་ཟབ་པ། རིག་གནས་གཅིག་མཐུན་བཅས་ལས་ཇའི་རིག་གནས་སྤེལ་རེས་བྱུང་བ་ཡིན། རྒྱལ་ཁབ་གཉིས་པོའི་ཇའི་རིག་གནས་ལ་དགའ་པོ་ཡོད་མཁན་ཚོས་ད་རེས་ཀྱི་བྱེད་སྒོ་བརྒྱུད་ངོ་ཐུག་གདོང་འཕྲད་ཀྱིས་ཉམས་མྱོང་སྤེལ་རེས་བྱེད་པ་དང་ལག་རྩལ་དཔྱད་བསྡུར་ཐུབ་རྒྱུ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བསམ་པའི་འབྲེལ་གཏུག་དང་མཉམ་འདྲེས་ལ་དེ་བས་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།