པར་རིས་གསར་འགྱུར།

ཉེ་དུས། ཀྲུང་གོ་ཨར་ལས་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་ཕེ་རུའི་དབན་ཁ་ཝེ་ལི་ཁ་གཞུང་ལམ་རྣམ་གྲངས་བདེ་བླག་ངང་ཞིབ་བཤེར་རྩིས་ལེན་བྱས་ཡོད། རྣམ་གྲངས་དེ་ཕེ་རུའི་དབན་ཁ་ཝེ་ལི་ཁ་དང་ཨ་ཡ་ཁུའུ་ཆའོ་ཁུལ་ཆེན་གཉིས་ཀྱི་མཚམས་སུ་གནས་ཤིང་། ས་བབ་སྨི་1500ནས་4960བར་ཟིན་པ་དང་དེ་ཉིད་ས་མཐོའི་རི་ཁུལ་གྱི་གཞུང་ལམ་གཟར་ཤོས་དེ་རེད། གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་རྗེས་ས་ཁོངས་ཀྱི་ཤར་བགྲོད་ནུས་པ་དང་བདེ་འཇགས་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ནས་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་སྐུལ་ཁྲིད་ཐུབ་པ་མ་ཟད། ས་ཁོངས་ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞུང་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།