རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་སྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་བཟོ་བའི་ཁྱབ་ཁོངས་ལ་ཚད་བརྒལ་གསར་པ་བྱུང་བ།

སྤྱིའི་རིང་ཚད་ལ་སྨི་298.8དང་ཞེང་ཚད་ལ་སྨི་48ཟིན་པའི་སྐྱེལ་འདྲེན་གྲུ་གཟིངས་དེར་འབུད་རྫས་གཉིས་ལྡན་གྱི་མྱུར་ཚད་དལ་བའི་སྒུལ་བྱེད་མ་ལག་སྒྲིག་སྦྱོར་བྱས་ཡོད་པས། རླངས་འགྱུར་དམའ་བའི་ཚད་གཞི་དང་ཁོར་ཡུག་སྲུང་སྐྱོང་གི་ནུས་པ་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། དེ་ནི་མིག་སྔར་རང་རྒྱལ་དུ་བསྐྲུན་ཟིན་པའི་LNGཡི་སྐྱེལ་འདྲེན་གྲུ་གཟིངས་ཆེ་ཤོས་དེ་ཡིན་པ་དེ་ཐོག་ནས་ནུས་རྒྱུ་གཙང་མའི་སྐྱེལ་འདྲེན་གྲུ་གཟིངས་ཆེ་གྲས་བཟོ་བའི་ཁྱབ་ཁོངས་སུ་རང་རྒྱལ་གྱི་གྲུ་གཟིངས་ཁེ་ལས་ལ་ཚད་བརྒལ་གསར་པ་བྱུང་བ་མཚོན་ཡོད། འདི་ནི་ཟླ་4ཚེས་26ཉིན། སྨི་རྒྱ་དཔངས་གྲུ་བཞི་ཁྲི་18ཟིན་པའི་གཤེར་འགྱུར་དང་རང་བྱུང་སོལ་རླངས(LNG)སྐྱེལ་འདྲེན་གྲུ་གཟིངས“ཆའོ་ཀྲི་ཏོན”རྟགས་ཅན་བདེ་བླག་ངང་རྩིས་སྤྲད་དེ་ཅང་སུའུ་ནན་ཐུང་གྲུ་ཁ་ནས་ཐོན་བཞིན་པ།
འབྲེལ་ཡོད་གསར་འགྱུར།