དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཐོར་རིག་དཔལ་དར། ཕྱོགས་མིར་དྲོ་སྐྱིད་སྦྱིན།

    —— དར་དམར་ཁྲོམ་གཞུང་ཞི་མཐུན་སྡེ་ཁུལ་གྱིས་ཕྱོགས་མིའི་ཕྲུ་གུའི“དྲོ་སྐྱིད་ཁྱིམ་གཞིས”བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-30

    མི་རིགས་མང་པོ་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་ཡིན་པའི་ཆ་ནས། ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ཞི་མཐུན་སྡེ་ཁུལ་གྱི་ཕྱོགས་མིའི་ཕྲུ་གུ་སློབ་གྲྭ་གྲོལ་རྗེས་དང་དུས་ཆེན་དང་གུང་གསེང་རིང“ལྟ་སྐྱོང་བྱེད་དཀའ་བ་དང་ཟུར་ཁྲིད་བྱེད་དཀའ་བའི”གནད་དོན་ནི་ཐོག་མཐའ་བར་གསུམ་དུ་གཏོགས་ཁོངས་དེའི་ཁྱིམ་དུད་ཁག་གི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུ་གྱུར་ཡོད། དེར་བརྟེན། སྡེ་ཁུལ་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མང་ཚོགས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན་བྱས་པ་དང་། ཏང་དམངས་ཞབས་ཞུའི་Vས་ཚིགས་ལ་བརྟེན་ནས“གསར་བརྗེའི་དཔེ་ཀློག་ཁང”གི་ཁྱད་ལྡན་ཞབས་ཞུའི་ལས་སྟེགས་བཙུགས་ཏེ། གཅེས་སེམས་ཀྱིས་ཕྲུ་གུ་ཚོར་ལྟ་སྐྱོང་ཡག་པོ་བྱས་ཏེ། ལས་མིའི་ཕྲུ་གུ་འཚར་ལོངས་ཡག་པོ་ཡོང་བར་བྱས་པ་རེད།

    ཞི་མཐུན་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་Vས་ཚིགས་སུ་སྐྱོད་སྐབས“གསར་བརྗེའི་དཔེ་ཀློག་ཁང”དུ་ཕྲུ་གུ་མང་པོས་དཔེ་དེབ་ལྟ་བཞིན་པ་མཐོང་ཐུབ། དཀར་ཆ་དོད་པོའི་དཔེ་ཀློག་ཁང་དེར་དཔེ་དེབ་སྣ་ཚོགས་གྲལ་སྟར་འགྲིག་པོས་བཞག་ཡོད་པ་དང་། ཕྲུ་གུ་ལ་ལས་དེབ་ལྟ་བཞིན་ཡོད་པ་དང་། ལ་ལས་སྦྱང་ཚན་འབྲི་བཞིན་འདུག དང་བླངས་པ་ཚོ་ཡར་རྒྱུག་མར་རྒྱུག་བྱས་ནས་ངང་རྒྱུད་རིང་པོས་ཕྲུ་གུ་ཚོའི་དོགས་པ་སེལ་བའམ་ཟུར་ཁྲིད་བྱེད་ཀྱི་ཡོད་པ་རེད།

    ཕྲུ་གུ་ཚོ་དེའི་ནང་ཞུགས་པའི་སྤྲོ་སེམས་འཕེལ་ཆེད། སྡེ་ཁུལ་དེས་ད་དུང་དང་བླངས་ཞབས་ཞུའི་སྐར་གསོག་སྐུལ་ལྕག་ལམ་སྲོལ་བཏོད་ནས་ལག་ལེན་བསྟར་བ་དང་། ཕྲུ་གུ་ཚོ་དེབ་བལྟས་ནས་སློབ་སྦྱོང་བྱེད་པ་དང་། དཔེ་དེབ་བསྡུ་གསོག་རྒྱག་པ། གཙང་སྦྲ་བྱེད་པ་སོགས་རང་ནུས་གང་ལྕོགས་ཀྱིས་ངལ་རྩོལ་ནང་ཞུགས་པ་བརྒྱུད་དེ་འཚམ་གྱི་སྐར་གྲངས་བསགས་ནས་རྐང་རྩེད་སྤོ་ལོ་དང་། ཡིག་ཆས་བླུག་སྣོད། དཔེ་ཁུག་སོགས་བློར་འབབ་པའི་རིག་རྩལ་ཡོ་ཆས་ལེན་ཐུབ། བྱེད་ཐབས་དེ་ལས་ལག་ལེན་ཁྲོད་ནས་ཕྲུ་གུ་ཚོའི་ངལ་རྩོལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྐྱེད་སྲིང་ཐུབ་པ་མ་ཟད། ད་དུང་ཕྲུ་གུ་ཚོའི་སྡེ་ཁུལ་གྱི་གཏོགས་སེམས་ཀྱང་ངང་ངམ་ཤུགས་ཀྱིས་ཟབ་ཏུ་ཕྱིན་ཡོད་པ་རེད།

    “ང་ཚོས་ཏང་དམངས་ཞབས་ཞུའི་Vས་ཚིགས་ལ་བརྟེན་ནས‘གསར་བརྗེའི་དཔེ་ཀློག་ཁང’དང་སྐར་མ་བསགས་ནས་དངོས་པོར་བརྗེ་བའི་བྱེད་སྒོ་བརྒྱུད་ཕྱོགས་མིའི་ཕྲུ་གུ་ལ་སྦྱང་ཚན་ཟུར་ཁྲིད་ཀྱི་དང་བླངས་ཞབས་ཞུ་མཁོ་འདོན་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏན་ཏིག་བྱེད་པར་རམ་འདེགས་བྱས་ཡོད” སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་དགོས་མཁོ་སྟོན་ཕྱོགས་སུ་བྱས་ཏེ། དངོས་སྒྲུབ་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་དྲོ་སྐྱིད་བརྒྱུད་སྤྲོད་བྱས་ནས། སྡེ་ཁུལ་མཉམ་འདྲེས་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཞི་མཐུན་སྡེ་ཁུལ་གྱི་ཧྲུའུ་ཅི་ཨང་དང་པོ་ཡོན་ཆིང་གིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།