“གངས་ལྗོངས་བཟོ་བོའི་ཉིན་བརྒྱའི་གསོ་སྦྱོང་འཆར་གཞིའི”རྩལ་ནུས་མཐོར་གཏོང་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།
གྲ་ནང་རྫོང་གི་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་24ཞུགས་པ།
ཉེ་ཆར། གྲ་ནང་རྫོང་གི་ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་24ཧུའུ་ནན་ཀྲུའུ་ཀྲོའུ་རུ་བསྐྱོད་དེ“གངས་ལྗོངས་བཟོ་བོའི་ཉིན་བརྒྱའི་གསོ་སྦྱོང་འཆར་གཞིའི”རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་དུས་ཡུན་ཉིན་བརྒྱའི་ཆེད་ལས་རྩལ་ནུས་སློབ་སྦྱོང་བྱེད་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནི་ཀྲུའུ་ཀྲོའུ་ཡི་ལས་ཞུགས་བོད་སྐྱོར་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བྱ་ཐབས་གསར་པ་ཤིག་ཡིན་ཞིང་། ས་གནས་དེ་གའི་བཟོ་ལས་ཀྱི་རྨང་གཞི་དང་ལས་རིགས་སློབ་གསོའི་ལེགས་ཆར་བརྟེན་ནས་ས་ཁོངས་སྒྲོལ་བའི་རྩལ་ནུས་སློབ་སྦྱོང་གི་ལས་སྟེགས་བསྐྲུན་ཏེ། གངས་ལྗོངས་ཀྱི་གཞོན་ནུས་ཉེར་སྤྱོད་ལག་རྩལ་ཁོང་དུ་ཆུད་རྒྱུར་རམ་འདེགས་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་བརྟན་པོ་ཡོང་བ་བྱ་རྒྱུ་རེད། སློབ་སྦྱོང་མཇུག་འགྲིལ་རྗེས་སློབ་མ་རྣམས་ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་དང་དེ་བཞིན་ས་གནས་དེ་གའི་འབྲེལ་ཡོད་ཁེ་ལས་སུ་ལས་ཞུགས་བྱས་ནས“གངས་ལྗོངས་ཀྱི་བཟོ་བོར”འགྱུར་བའི་ལམ་བུར་དངོས་སུ་བསྐྱོད་རྒྱུ་རེད།
ད་ཐེངས་ཀྱི་ས་ཁོངས་སྒྲོལ་བའི་རྩལ་ནུས་རོགས་སྐྱོར་གྱིས་གྲ་ནང་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དཀའ་གནད་ནུས་ལྡན་བསལ་ནས། ཧུའུ་ནན་དང་བོད་ལྗོངས་ས་གནས་གཉིས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་བསྣན་པ་མ་ཟད་ས་གནས་གཉིས་པོའི་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།