དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གམ་པ་རྫོང་གིས།

    གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-30

    ཉེ་ཆར། གམ་པ་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་རྫོང་དེའི་མི་ཚོགས་ཆེ་ས་དང་བཟའ་བཏུང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    གྲལ་བཤེར་བྱེད་རིང་། ཁྲིམས་སྒྱུར་མི་སྣས་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་དང་། ཟ་ཁང་ཆུང་གྲས། ཞག་སྡོད་སོགས་ཀྱི་མེ་ཟོན་སྒྲིག་ཆས་དང་། ཁ་འགྲེམས་བགྲོད་ལམ། གློག་དང་སོལ་རླངས་སྤྱོད་པའི་ཐད་ཀྱི་བདེ་འཇགས་གནས་ཚུལ་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཤིང་། མངོན་མེད་རྐྱེན་ངན་ས་ཡུལ་དངོས་སུ་དག་ཐེར་དང་དུས་བཀག་ནང་དོ་དམ་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་ལས་འཛོལ་མ་ཐོན་སྔོན་འགོག་བྱས་ཡོད། གཞན་ཡང་ཁྲིམས་སྒྱུར་མི་སྣ་ད་དུང་འབྲོག་ར་དང་འབྲོག་ཁྱིམ་དུ་བསྐྱོད་དེ་ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་དང་། འབར་སླ་བའི་དངོས་པོ་གཙང་བཤེར། མེ་ཟོན་མེ་གསོད་ཀྱི་སྔོན་འགོག་དྲིལ་བསྒྲགས། དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་མེ་དང་གློག་སྤྱོད་པའི་བདེ་འཇགས་གནས་ཚུལ་བཅས་ལ་ཞིབ་བཤེར་བྱས་ཤིང་། ས་ཡུལ་དངོས་སུ་སྒྲིག་འགལ་ངང་མེ་དང་གློག་སྤྱོད་པའི་བྱེད་སྤྱོད་ལ་ཁ་ཏ་བསླབ་བྱ་དང་། མེ་ཟོན་མེ་གསོད་ཀྱི་ཤེས་བྱ་དང་འཕྲལ་སྡོམ་ཉེན་གཡོལ་གྱི་རྩལ་ནུས་ཁྱབ་གདལ་བཏང་ནས། རྩྭ་ཐང་གི་མེ་ཟོན་མེ་གསོད་ཐད་ཀྱི་བདེ་འཇགས་འགོག་རགས་བརྟན་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།