ས་མཐོར་སྔོ་ཚལ་སྐྱེ་འཚར་བཟང་། མང་ཚོགས་འཚོ་བ་བདེ་ཞིང་སྐྱིད།
—— སྨན་གླིང་གྲོང་ཁྱེར་མཁོ་ཚོང་ཁང་གིས་བྱ་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།
ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་མཁོ་ཚོང་ཁང་གིས“ཞིང་གསུམ”གྱི་འཐབ་ས་གཙོ་བོར་ཞབས་འདེཌ་ཞུ་བའི་འགན་ནུས་གཞིར་བཟུང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་བྱུང་བའི་ཁྲོམ་རའི་དགོས་མཁོ་ཆེན་པོར་དམ་པོར་དམིགས་ནས་མངགས་ཐོའི་ཞིང་ལས་མཁོ་སྤྲོད་འགན་ལེན་དང་། ལག་རྩལ་རིམ་སྤོར་དང་སྤུས་ཚད་མཐོར་གཏོང་། ལྟ་སྐོར་ཕན་འབྲས་ཆེར་གཏོང་ལ་ཕྱོགས་སྒྱུར་སོགས་ཀྱི་བྱ་ཐབས་གསར་གཏོད་བྱས་ཏེ“ཤ་ཚལ་སྒོང་གསུམ”གྱི་སྤུས་ཚད་མཐོ་རུ་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་མང་ཚོགས་ཀྱི་ཡོང་འབབབ་མང་དུ་ཏན་ཏིག་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི“མྱུར་ལམ”ཞིག་བཏོད་ཡོད་པ་རེད།
སྨན་གླིང་གྲོང་ཁྱེར་མཁོ་ཚོང་ཁང་གི་ཉི་མ་དམར་པོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། པད་ཚལ་དང་། སུར་པན། ཏུང་ཀྭ་སོགས་སྔོ་ཚལ་སྣ་ཚོགས་སྐྱེ་འཚར་བཟང་ཞིང་། ལས་དོན་མི་སྣ་དེའི་ཁྲོད་དུ་བསྐྱོད་དེ་བྱང་ཆུབ་པོས་སྔོ་ཚལ་འཐུ་བ་དང་། ཐུམ་རྒྱག་པ། རླངས་འཁོར་ལ་བླུག་པ་སོགས་ལ་གཞོལ་བཞིན་མཆིས། སྔོ་ཚལ་སོས་པ་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་ཐོན་གྲབས་ཡོད་པ་དང་། སྔོ་ཚལ་དེ་དག་སྨན་གླིང་གྲོང་ཁྱེར་གྱི་ཁྲོམ་ར་ཆེ་གྲས་དང་། ལས་ཡུལ། སློབ་གྲྭ་བཅས་སུ་སྐྱེལ་རྒྱུ་རེད། “མིག་སྔར་ང་ཚོས་གཙོ་བོ་ཆུ་བེད་དང་གཞུང་ལམ་རྣམ་གྲངས་ལས་གྲྭའི་ཟ་ཁང་དང་། དེ་བཞིན་ས་གནས་དེ་གའི་སློབ་གྲྭ་དང་ཟ་ཁང་བཅས་ལ་ཉིན་རེར་སྔོ་ཚལ་རྒྱ་མ་2000ཙམ་སྐྱེལ་གྱི་ཡོད་ལ་སྔོ་ཚལ་དེ་དག་བྲིན་ཁ་རྒྱུག་པོ་འདུག”ཅེས་སྔོ་ཚལ་རྟེན་གཞིའི་ཕྱིར་ཚོང་འགན་འཁུར་བ་ཝང་ཧོ་མིན་གྱིས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་མཁོ་ཚོང་ཁང་གིས་ས་གནས་དེ་གའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་ཚུགས་པ་དང་ཕྱི་ཡོང་ལས་མི་མང་དུ་ཕྱིན་པ་ལས་བྱུང་བའི་སྔོ་ཚལ་གྱི་དགོས་མཁོ་ཆེ་བར་དམིགས་ནས། རང་འགུལ་ངང་ཕྱུག་འགྱུར་སྣེ་ཁྲིད་པ་དང་ཆེད་ལས་ལག་རྩལ་མི་སྣ་དང་མཉམ་དུ་ཉི་མ་དམར་པོ་ཞིང་ལས་ཚད་ཡོད་ཀུང་སི་བཙུགས་པ་དང་། མ་དངུལ་དང་ལག་རྩལ་ཐོན་ཁུངས་བསྡུ་སྒྲིལ་གྱིས་ཤོ་ཁ་གྲོང་ཚོར་ས་ཁྱོན་མུའུ་320ཟིན་པའི་ཚད་ལྡན་ཅན་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཞིག་བསྐྲུན་ནས། ས་གནས་དེ་གའི་སྔོ་ཚལ་མཁོ་སྤྲོད་འགན་ལེན་ལམ་བུ་ཤར་གཏོང་ཐུབ་པ་མ་ཟད། མཐའ་འཁོར་གྱི་ཤོ་ཁ་གྲོང་ཚོ་དང་བམ་གྲོང་གྲོང་ཚོ་སོགས་གྲོང་ཚོ་7གྱི་མང་ཚོགས་རྣམས་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་སྤྱི་ཁྱབ་ཅིང་ལི་དབྱང་ཀོང་ཐེན་གྱིས“ང་ཚོའི་རྟེན་གཞིས་ཕྱོགས་གཅིག་ནས་ས་གནས་དེ་གའི་སྔོ་ཚལ་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ལྕི་པོ་འཁུར་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་དེ་གའི་ཡུལ་མི་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་ཁྲིད་བྱེད་ཀྱི་ཡོད”ཅེས་བརྗོད་པ་དང་། ཁོང་གིས། རྟེན་གཞིའི་ས་ཁྱོན་མུའུ་320ཟིན་ནས་ལོ་ལྟར་ས་གླ་དངུལ་སྒོར་ཁྲི་32སྤྲོད་ཀྱི་ཡོད། ལས་མིའི་གླ་ཆ་ཁོ་ནར་ལོ་རེར་སྒོར་ཁྲི་80ཙམ་ཟིན་ནས་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་པ་བྱེད་ཀྱི་ཡོད། སྔོ་ཚལ་འདེབས་འཛུགས་དང་ཁྲོམ་རའི་མཁོ་སྤྲོད་རྨང་གཞི་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་སྨན་གླིང་གྲོང་ཁྱེར་མཁོ་ཚོང་ཁང་གིས་ཐོན་ལས་འཁོར་འབྲེལ་ཟམ་མི་ཆད་པར་སྣུར་སྲིང་དང་འཕེལ་རྒྱས་གཏོང་རྒྱ་ཆེ་རུ་བཏང་ནས། ལྟ་སྐོར་ཞིང་ལས་ལ་ཁ་ཕྱོགས་ནས་ཐོན་ལས་སྣེ་མང་མཉམ་འདྲེས་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་འབབ་འཕར་གྱི་ཐབས་ལམ་གསར་པ་གཏོད་ཀྱི་ཡིན་ཞེས་བརྗོད།
ཐོན་ལས་འཕེལ་རྒྱས་གཏོང་མཚམས་མི་འཇོག་པ་དང་། སྤུས་འབྲས་ལེགས་གཉེར་རྒྱུན་མཐུད་གཏོང་བ། ཟླ་གཅིག་ལྷག་ཙམ་གོང་རྟེན་གཞིའི་ཚལ་ཤིས་ལན་ཧ་དང་། ཤིང་འབྲས་ལ་ཕུག་ཚོད་འདེབས་ལེགས་གྲུབ་བྱུང་ནས་ཐོན་ལས་སྣེ་མང་ཅན་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་ཕྱིན་སོང་ཞེས་རྟེན་གཞིའི་འགན་འཁུར་བས་གསར་འགོད་པར་བརྗོད། ཁོང་གིས་ད་ལོ་ད་ཡོད་ཀྱི་འགྱིག་ཤོག་དྲོད་ཁང་ཆེ་མོ་རིམ་སྤོར་སྒྱུར་བཀོད་བྱས་ཏེ་རིག་ནུས་ཅན་གྱི་དྲོད་ཁང་ཆེ་མོ་ཞིག་སྐྲུན་པ་དང་། སེའུ་དང་རྒུན་འབྲུམ་སོགས་སྤུས་ལེགས་ཤིང་འབྲས་ནང་འདྲེན་བྱས་ཏེ། ཤིང་འབྲས་འཐོག་པ་དང་། ལྟ་སྐོར། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཞིང་ལས་ཕྱོགས་བསྡུས་ཚོགས་པ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་གི་ཡིན་ཞེས་བརྗོད།
ཤ་ཚལ་སྒོང་གསུམ་འགན་ལེན་བྱེད་པ་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་བར་སྨན་གླིང་གྲོང་ཁྱེར་མཁོ་ཚོང་ཁང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་མཐོའི་ཞིང་ས་དང་རི་ཐང་དེ་ཉིད་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ས་རྒྱུ་གཤིན་པོར་འགྱུར་བར་འབད་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།