དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞུས་ཀྲི་ཝུན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-30

    ཟླ་བ་4ཚེས་26དང་27ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་མེ་ཏོག་རྫོང་དང་སྨན་གླིང་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྟེ། སྔ་རྗེས་སུ་བཅིངས་འགྲོལ་ཟམ་ཆེན་གྱི་རྒྱལ་གཅེས་མཐའ་སྟོབས་སློབ་གསོའི་རྟེན་གཞི་དང་། གྲོང་ཁྱེར་དཔེ་ཁང་། མོན་ལྷོ་དམངས་སྲོལ་རིག་གནས་རྟེན་མཛོད་ཁང་སོགས་སུ་ཕེབས་ནས་འཐབ་སའི་ནུས་པ་འདོན་སྤེལ་དང་། རིག་གནས་དམངས་བདེ་དམངས་ཕན། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་བླང་བྱའང་བཏོན་གནང་བ་རེད།

    བརྟག་ཞིབ་གཏིང་ཟབ་གནང་རྗེས་ཞུས་ཀྲི་ཝུན་གྱིས་རིག་གནས་ལ་དམ་འཛིན་བྱེད་པ་དེ་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཞིག་དང་རིག་གནས་ལ་དམ་འཛིན་བྱེད་པ་དེ་དམངས་འཚོར་དམ་འཛིན་བྱེད་པ་ཞིག་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་དབུས་ཀྱི་རིག་གནས་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ་དང་། ལས་དོན་སྒྲུབ་སྟངས་དང་བྱེད་ཐབས་སྟངས་འཛིན་བྱ་རྒྱུར་གཙིགས་ཆེན་བྱེད་པ་དང་། མང་ཚོགས་ཀྱི་དངོས་ཡོད་དགོས་མཁོ་དང་གོམས་གཤིས་དང་ལེན་སོགས་དང་བསྟུན་ནས་གཞི་རིམ་གྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཕན་པའི་ཁོར་ཡུག་སྐྲུན་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།