ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་སྲིད་ལས་གྲྭའི་སྤུས་ཚད་བདེ་འཇགས་ལས་སྒོའི་གསོ་སྦྱོང་ལྟ་སྦྱོང་བྱེད་སྒོ་ལྷོ་ཁར་སྤེལ་བ།
ཉིན་ཤས་གོང་། 2026ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་སྲིད་ལས་གྲྭའི་སྤུས་ཚད་བདེ་འཇགས་ལས་སྒོའི་གསོ་སྦྱོང་ལྟ་སྦྱོང་གི་སློབ་སྦྱོང་བྱེད་སྒོ་ལྷོ་ཁའི་ཟ་ར་ལམ་ཟམ་ཆེན་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་སྤེལ་བ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་གནས་7གྱི་སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་དང་དེ་བཞིན་འབྲེལ་ཡོད་ཚན་པའི་འཐུས་མིས་ས་གནས་ས་ཐོག་ཏུ་ཟམ་པའི་ཨར་ལས་ཀྱི་འགག་རྩའི་བཟོ་རྩལ་ལ་ལྟ་སྦྱོང་དང་སྤུས་ཚད་བདེ་འཇགས་དོ་དམ་གྱི་ཉམས་མྱོང་སྤེལ་རེས་སོགས་བྱས་པ་བརྒྱུད། རང་ལྗོངས་ཀྱི་སྡོད་ཁང་དང་གྲོང་སྲིད་ལས་གྲྭའི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད།
ད་ཐེངས་ཀྱི་ལྟ་སྦྱོང་ལ་གཙོ་བོ་ཟམ་པ་འཛུགས་སྐྲུན་གྱི་ལྟེ་བའི་ཨར་ལས་ཀྱི་ལྷུ་ཚིགས་ཆེན་པོ་གསུམ་ལ་དམིགས་ཤིང་། རྣམ་གྲངས་འཛུགས་སྐྲུན་ཚོགས་པས་བཟོ་རྩལ་གྱི་འགྲེམས་པང་དང་། ས་གནས་ས་ཐོག་ཏུ་གསལ་འགྲེལ། དངོས་པོ་དངོས་འགྲེམས་སྟོན་བཅས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ཚད་ལྡན་ཅན་ཨར་ལས་ཀྱི“ལྷོ་ཁའི་ཉམས་མྱོང”ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་ལྟ་སྦྱོང་བྱེད་སྒོར་དཔེ་སྟོན་སྣེ་ཁྲིད་ཀྱི་བྱེད་ཐབས་བརྒྱུད། ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་སྲིད་ལས་གྲྭའི་སྤུས་ཚད་བདེ་འཇགས་དོ་དམ་ཚད་གཞི་ཅན་དང་། ཞིབ་ཚགས་ཅན། ཚད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།