ཉེ་དུས་ས་ཆ་འདི་དག་ལ་དྲག་ཆར་འབབ་རྒྱུ་རེད་འདུག
ཟླ་4ཚེས་26ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་ཟླ་4ཚེས་27ཉིན་ནས་ཟླ་5ཚེས་6ཉིན་བར་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་དུ་གངས་སམ་ཆར་པ་ཡང་སེ་འབབ་རྒྱུ་ཡིན་ཞིང་། ཟླ་4ཚེས་29ཉིན་ནས་ཟླ་5ཚེས་3ཉིན་བར་གངས་སམ་ཆར་པ་འབབ་ཤུགས་དང་འབབ་ཁྱོན་ཆེ་རུ་འགྲོ་རྒྱུ་དང་། ཉིང་ཁྲིའི་ལྷོ་རྒྱུད་དང་ཤར་རྒྱུད་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ཏུ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། མེ་ཏོག་དང་། རྫ་ཡུལ། སྤོ་བོ། གཉའ་ནང་། གྲོ་མོ་བཅས་ཀྱི་ས་ཆ་ཁག་གཅིག་ཏུ་ཆར་པ་ཆེ་བ་ནས་དྲག་ཆར(གངས)འབབ་རྒྱུ་ཡིན་པ་རེད། གངས་སམ་ཆར་པ་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ་ཡིན་པ་དང་། དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཆབ་མདོ་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་རེད་འདུག
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་4ཚེས་27དང་28ཉིན། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ་ཡིན་པ་དང་། ས་ཆ་ཁག་གཅིག་ཏུ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་དང་སྤོ་བོའི་ས་བབ་དམའ་བའི་ས་ཆ་ཁག་གཅིག་ཏུ་ཆར་པ(གངས)ཆེན་པོ་འབབ་རྒྱུ། ཆབ་མདོ་དང་ལྷ་སའི་བྱང་རྒྱུད་དང་ཤར་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ(གངས)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
ཟླ་4ཚེས་29ཉིན་ནས་ཟླ་5ཚེས་3ཉིན་བར། ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་དང་། རྫ་ཡུལ། གཉའ་ནང་། གྲོ་མོ་བཅས་ཀྱི་ས་བབ་དམའ་བའི་ས་ཆ་ཁག་གཅིག་ཏུ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། མེ་ཏོག་དང་སྤོ་བོའི་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་པ་ནས་ཁ་བ་བུ་ཡུག་འཚུབ་རྒྱུ། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དང་། ཆབ་མདོ། ལྷ་ས་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ཏུ་ཆར་པ(གངས)ཆུང་བ་འབབ་རྒྱུ། གངས་སམ་ཆར་པ་བབས་རྗེས་ནུབ་ནས་ཤར་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ།
ཟླ་5ཚེས་4ནས་6ཉིན་བར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་མེ་ཏོག་དང་སྤོ་བོའི་ས་བབ་དམའ་བའི་ས་ཆར་ཆར་པ་ཆེན་པོ་འབབ་རྒྱུ་དང་ས་བབ་མཐོ་བའི་རི་ཁུལ་དུ་གངས་ཆེན་པོ་འབབ་རྒྱུ། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དང་། ཆབ་མདོ། ལྷ་སའི་བྱང་རྒྱུད་དང་ཤར་རྒྱུད་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ཏུ་ཆར་པ(གངས)ཆུང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།
དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཆབ་མདོ་བཅས་སུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དུ་ཐོལ་རླུང་རིམ་པ་4ཡས་མས་འཚུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།