དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་མང་དུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-29

    གསར་འགོད་པར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་མཚོ་སྔོན་པོའི་གསེར་ཉ་སྲོག་སྐྱོབ་ལྟེ་གནས་ཀྱིས《མཚོ་སྔོན་པོ་རྒྱུག་ཁུལ་གྱི་ཆུ་སྐྱེས་སྐྱེ་དངོས་ཀྱི་བརྟག་དཔྱད་སྙན་ཞུ》ཡོངས་བསྒྲགས་བྱས་པ་དང་། སྙན་ཞུའི་ནང་མངོན་དོན། 2025ལོ་བར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱི་སྤྱི་འབོར་ཏུན་ཁྲི་13.3ཟིན་པ་དང་། ཉ་རེའི་ཆ་སྙོམས་ལྗིད་ཚད་ལ་ཁེ་250ཙམ་ཡོད། ལོ་23རིང་གསེར་ཉའི་ཐོན་ཁུངས་ཀྱི་སྤྱི་འབོར་ཏུན་ཁྲི་0.26ནས་ཏུན་ཁྲི་13.3བར་འཕར་བ་དང་། འཕར་ཚད་ལྡབ་50ལས་བརྒལ་ཞིང་། ཁྱུ་ཚོགས་ཀྱི་གྲངས་འབོར་དང་ཉའི་ཚད་གཞིའང་མཉམ་དུ་འཕར་བཞིན་ཡོད།

    འབབ་རྒྱུད་ཀྱི་སྐྱེ་ཁམས་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་ཆེད། མཚོ་སྔོན་པོའི་གསེར་ཉ་སྲོག་སྐྱོབ་ལྟེ་གནས་ཀྱིས་2025ལོར་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཆུ་སྐྱེས་སྐྱེ་དངོས་ལ་གདིང་གཞི་ནས་བརྟག་དཔྱད་བྱས་ཤིང་། གསེར་ཉའི་ཐོན་ཁུངས་ཀྱི་སྤྱི་འབོར་2020ལོའི་མཚོ་བཀག་ཉ་གསོ་མ་བྱས་གོང་གི་ཏུན་ཁྲི་10.04ནས་ཏུན་13.3བར་འཕར་བ་དང་། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན་ཏུན་ཁྲི་3.26འཕར་ནས། འཕར་ཚད་32.5%ཟིན་པ་དང་། ཐོན་ཁུངས་ཀྱི་སྤྱི་འབོར་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་བཞིན་ཡོད།

    མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི“རྩྭ་དང་། གཙང་པོ། མཚེའུ། ཉ། བྱ”བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་གི་དངོས་རིགས་གལ་ཆེན་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སླར་གསོ་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་གྱིས་སྔ་རྗེས་སུ་མཚོ་བཀག་ཉ་གསོ་ཐེངས་6བྱས་པ་དང་ད་ལྟ་བར་རྒྱུན་འཁྱོངས་བྱས་པས། མཚོ་སྔོན་པོའི་གསེར་ཉ་དེ་ཉིད“སྟོངས་ལ་ཉེ་བའི”དངོས་རིགས་ནས“སྟོངས་སླ་བའི”དངོས་རིགས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།