རྨ་ཆུའི་འབབ་རྒྱུད་མཚོ་སྔོན་དུམ་བུར“གནམ་ས་བར་གསུམ་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་པ།
གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། རྨ་ཆུའི་འབབ་རྒྱུད་མཚོ་སྔོན་དུམ་བུར“གནམ་ས་བར་གསུམ་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་བསྐྲུན་ནས། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལག་རྩལ“གནས་གཅིག་ལ་ལྟ་ཞིབ་ཚད་ལེན”ནས“ཕྱོགས་ཡོངས་ལ་ཁྱབ་པའི”བར་འཕེལ་རྒྱས་ཕྱིན་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་རྒྱུ་རྐྱེན་གཙོ་བོ་མང་པོར་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ཐུབ་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་དང་རྨ་ཆུའི་བདེ་འཇགས་འགན་ལེན་ལ་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད།
སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་ཐད་ཆུ་སྤུས་ལ་རང་འགུལ་གྱིས་ལྟ་ཞིབ་ཚད་ལེན་བྱེད་སའི་ས་ཚིགས་25བསྐྲུན་པ་དང་། ས་ངོས་ཆུར་མི་ཐབས་ཀྱིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་64བཀོད་སྒྲིག་བྱས་པ། རྫོང་རིམ་པ་དང་དེ་ཡན་དང་གྲོང་ཚོ་དང་གྲོང་རྡལ་གྱི“ཏུན་སྟོང་མི་ཁྲིའི”འཐུང་ཆུའི་ཆུ་འགོར་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ནས། རྨ་ཆུའི་དུམ་བུ་གཙོ་བོ་དང་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ནས་ཁྱབ་ཐུབ་པར་བྱས་ཡོད། “མཚོ་སྔོན་གྱི་སྐྱེ་ཁམས་སྐར་ཁུང”གི་རྒྱང་སྦྲེལ་དྲ་རྒྱའི་བརྙན་ལམ་ལྟ་ཞིབ་ཚད་ལེན་མ་ལག་ལ་བརྟེན་ནས། ལྟ་ཞིབ་ཚད་ལེན་ས་ཚིགས་116བསྐྲུན་པ་དེ་དག་རྨ་ཆུའི་ཆུ་འགོའི་གཙོ་གནད་ས་ཁོངས་ཡོངས་སུ་ཁྱབ་པས་དུས་ཐོག་ཏུ་མཐོང་རུང་བའི་ལྟ་ཞིབ་ཚད་ལེན་ཐུབ་ཀྱི་ཡོད།
སྐྱེ་ཁམས་ཁོར་ཡུག་ལྟ་འདོམས་ཐད་དུས་བཀག་ལྟར་རང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་རྒྱང་ཚོར་བརྟག་དཔྱད་བྱས་ནས། འབབ་རྒྱུད་དུ་མིའི་བྱ་སྤྱོད་ལས་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅས་ལ་དམིགས་ནས། གཙང་གསུམ་ཆུ་འགོ་དང་རྨ་ཆུའི་འབབ་རྒྱུད་ཀྱི་རྨང་གཞིའི་གྲངས་འཛིན་མཛོད་དང་ཕྱོགས་བསྡུས་དོ་དམ་ནུས་པ་འཛུགས་སྐྱོང་བྱས་ཏེ་ལྟ་འདོམས་བྱེད་ནུས་ཆེ་རུ་ཧུར་ཐག་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།