ཟླ་བ་དང་པོ་ནས་གསུམ་པའི་བར་མཚོ་སྔོན་གྱི་ཁྲོམ་རའི་རིན་གོང་རྒྱུན་མཐུད་བརྟན་པོ་བྱུང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“2026ལོའི་རིན་གོང་བརྟན་གཏོང”གི་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་ཚུན། ཞིང་ཆེན་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་ཁོངས་གཏོགས་ཀྱིས་གཙོ་གནད་ཁྱབ་ཁོངས་དང་དམངས་འཚོའི་དོ་ཁུར་བྱེད་སར་དམ་པོར་དམིགས་པ་དང་། ཁྲིམས་འཛིན་ནན་པོར་བརྟེན་ནས་རིན་གོང་ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱེད་པ། གནད་སྨིན་ལྟ་འདོམས་ལ་བརྟེན་ནས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་བྱས་པས། ཁྲོམ་རའི་རིན་གོང་རྒྱུན་མཐུད་དང་བརྟན་པོའི་ངང་ལེགས་སུ་ཕྱིན་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་གཉེར་སྐྱོང་བྱེད་པོ་དུད་ཚང་4000ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། ཁྲིམས་ལྟར་རིན་གོང་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་ཁག་5གྱོད་ཐོ་བཀོད་ནས་ཞིབ་བཤེར་ཐག་གཅོད་བྱས་པ། དངུལ་ཆད་དང་གཞུང་བཞེས་སྒོར་ཁྲི་298.95བཏང་བ། གཉེར་སྐྱོང་བྱེད་པོས་འཛད་སྤྱོད་པའི་ས་ནས་རིན་གོང་འཕར་མ་སྒོར་ཁྲི་176.96ལེན་པ་དག་ཕྱིར་སློག་བྱེད་པར་སྐུལ་འདེད་བཏང་བ། ནུས་ལྡན་གྱི་ཁྲིམས་འཛིན་ཟིལ་གནོན་ཞིག་ཆགས་པ་བཅས་ལས་ཞིང་ཆེན་ཡོངས་ཀྱི་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་རྒྱུན་མཐུད་བརྟན་པོ་ཡོང་བར་སྐུལ་འདེད་ཐུབ་ཡོད།
ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་ཁུར་པོ་ཡང་གཏོང་དང་ཕན་འབྲས་ཆེར་གཏོང་ལ་དམ་པོར་དམིགས་པ་དང་ཁེ་ལས་ཀྱི་གྲོན་བསྡུའི་དཀའ་གནད་སེལ་བར་གནད་སྨིན་ཤུགས་འདོན་བྱས་ཏེ། ཕྱོགས་གཅིག་ནས་ཚོང་ལས་དངུལ་ཁང་གིས་གྲོན་བསྡུའི་བྱ་སྤྱོད་ལ་རང་བཤེར་རང་བཅོས་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་། ལས་སྒོའི་རྐང་འཛིན་པ་སྒོ་རྩར་བསྐྱོད་དེ་སྲོལ་མཐུན་གྱི་སྲིད་ཇུས་ཟུར་ཁྲིད་བྱ་རྒྱུ་སྒྲིག་འཛུགས་བྱས་པ། ལྟ་འདོམས་ཀྱི་དམར་ཐིག་གསལ་པོ་བཟོས་པ་བཅས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྡེ་ཚན་མང་པོ་མཉམ་འབྲེལ་གྱིས་ཆེད་དོན་ཇུས་གཞི་བཟོས་ནས་ལས་རིགས་ཁག་གིས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྲོན་བསྡུའི་སྲིད་ཇུས་ཕྱོགས་ཡོངས་ནས་གཙང་བཤེར་དང་ཚད་ལྡན་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་པ་དང་དུས་མཚུངས། གློག་བརྒྱུད་གཏོང་ལྷུ་ཚིགས་ཀྱི་རིན་གོང་ཐད་ཆེད་དོན་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་ངང་རིན་གོང་སྤོར་བའི་བྱེད་སྤྱོད་ནུས་ཤུགས་ཡོད་རྒུས་གཙང་བཤེར་བྱས་པ་རེད།
དྲ་རྒྱའི་ལས་སྟེགས་ཀྱི་མཉམ་ཉོའི་རིན་གོང་ཚད་གཞི་དང་མ་མཐུན་པའི་གནད་དོན་ལ་དམིགས་ནས་བཅག་པའི་རིན་གོང་དང་སྔར་ཡོད་རིན་གོང་མི་མཐུན་པ་དང་སྔར་ཡོད་རིན་གོང་རྫུན་བཟོ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ། ཡུལ་དངོས་ཀྱི་སྒྲིག་འགལ་ལས་སྟེགས་ཀྱིས་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་པར་ལྟ་སྐུལ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཞག་སྡོད་གཉེར་སྐྱོང་བྱེད་པོར་ཕྱོགས་ཡོངས་ནས་ལེབ་བཤེར་དང་། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཡིག་རྒྱུགས་རིང་གི་བཟའ་བཏུང་དང་ཞག་སྡོད་ཀྱི་རིན་གོང་ལ་ལྟ་འདོམས། རིན་གོང་ཐད་ཀྱི་ཐེར་འདོན་ཞུ་གཏུག་ལ་ཐག་གཅོད་དང་འབྲེལ་ཡོད་ཐེར་འདོན་ཞུ་གཏུག་ཁག་32ཚང་མ་དུས་བཀག་ལྟར་ཐག་གཅོད་ཡག་པོ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།