ཁྲུང་ཆིང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་བ།

ཉེ་ཆར། རྒྱལ་ཁབ་ཕྱི་ནང་གི་འབྲེལ་ལམ་སྨྱན་སྦྱོར་ལས་སྟེགས་སུ“ཀྲུང་གོའི་རྣམ་པའི་བདེ་འཇགས་ཚོར་སྣང”ལ་དོ་ཁུར་ཆེན་པོ་ཐོབ་ཅིང་། ཁྲུང་ཆིང་གིས་ཐུན་མོང་མ་ཡིན་པའི་གྲོང་ཁྱེར་གྱི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ལ་བརྟེན་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོར་ཞིམ་ཟས་ལ་རོལ་བ་དང་། མཛེས་ལྗོངས་ཁུལ་དུ་ལྟ་སྐོར། རིག་གནས་ཉམས་ལེན་བཅས་བྱེད་པའི་ཡིད་དབང་བཀུག་ཡོད། འཁྲུག་ཆ་དོད་པའི་ཁྲོམ་གཞུང་ནས་ལྷིང་འཇགས་ཀྱི་སྤྱི་གླིང་བར། ང་ཚོའི་གོམས་འདྲིས་སུ་གྱུར་ཟིན་པའི་བདེ་འཇགས་དང་ཡིད་རྟོན་རུང་བའི་འཚོ་བའི་རྣམ་པ་དེ་དག་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་གི་ཀྲུང་གོར་ཡུལ་སྐོར་བྱེད་སྐབས་ཀྱི་དམིགས་བསལ་ཉམས་ལེན་བྱ་ཡུལ་དུ་གྱུར་ཡོད་པ་རེད།
འདི་ནི་ཁྲུང་ཆིང་གྲོང་ཁྱེར་ཡུས་ཀྲུང་ཆུས་ཀྱི་ཁྲོམ་ར་ཞིག་ཏུ་ཀྲུང་གོའི་དཔོད་བདག་ཅིག་གིས་ཧོ་ལན་གྱི་ཡུལ་སྐོར་བ(གཡོན)ཞིག་དང་སྤེལ་རེས་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།