དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཨེ་ཤེ་ཡ་བྱང་ཤར་དང་རང་མོས་ཚོང་དོན་གྲུ་ཁའི་གྲངས་འཛིན་དང་རིག་ནུས་བར་ཁྱམས་གྲོས་འགོའི”བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-04-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། 2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་ཀྱི“ཨེ་ཤེ་ཡ་བྱང་ཤར་དང་རང་མོས་ཚོང་དོན་གྲུ་ཁའི་གྲངས་འཛིན་དང་རིག་ནུས་བར་ཁྱམས་གྲོས་འགོའི”བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཚོགས་ཞུགས་སྐུ་མགྲོན་གྱིས་རྩིས་ནུས་དང་ཆ་འཕྲིན་ཕྱིར་གཏོང་དང་། གྲངས་འཛིན་རྒྱུ་ནོར་ཐོན་ཁུངས་ལ་ཚོད་སྐོར། གྲངས་འཛིན་ཚོང་དོན་སོགས་སྐོར་གྱི་བརྗོད་གཞིར་སྤེལ་རེས་ཟབ་མོ་བྱས་ནས་གྲངས་འཛིན་དང་རིག་ནུས་དཔལ་འབྱོར་གྱི་དུས་བབ་གསར་པར་མཉམ་དུ་གྲོས་བསྡུར་བྱས་པ་རེད།

    ཚོགས་འདུར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་སྒྲིག་འཛུགས་ཨུ་ལྷན་གྱིས་ཤང་ཀང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་གྲངས་འཛིན་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་དང་། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་གྲངས་འཛིན་རྒྱུ་རྐྱེན་ཞིབ་འཇུག་ལྟེ་གནས། ཅི་ལིན་སློབ་ཆེན་མི་ཐབས་རིག་ནུས་སློབ་གླིང་། ཚོགས་འདུར་ཞུགས་མཁན་གྲངས་འཛིན་ཚོང་ལས་ཁེ་ལས་བཅས་དང་མཉམ་དུ“ཨེ་ཤེ་ཡ་བྱང་ཤར་དང་རང་མོས་ཚོང་དོན་གྲུ་ཁའི་གྲངས་འཛིན་དང་རིག་ནུས་བར་ཁྱམས་ཀྱི་གྲོས་འགོ”བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།