ཆིང་ཏའོ་ཡི“ཧྲན་ཀང་ཐུང”རིག་ནུས་བརྒྱུད་སྐྱེལ་གྱི་ནང་འདྲེན་དཔེ་དབྱིབས་དངོས་སུ་ཤར་གཏོང་ཐུབ་པ།

ཟླ་4ཚེས་24ཉིན། ཁག་དང་པོའི་ནང་འདྲེན་ཕྱི་ཕྱོགས་ཚོང་དོན་གྱི་དོས་སྒམ་133ཧྲན་ཏུང་གྲུ་ཁའི་ཆིང་ཏའོ་གྲུ་ཁའི་ཆན་དབན་གྲུ་ཁར་འདེགས་སྒྲིག་བྱས་རྗེས་ཡན་ལག་ཆུ་ལམ་གྲུ་གཟིངས“ཧྲན་ཀང་ལུང་ཁོའུ”བརྒྱུད་ཝེ་ཧའེ་གྲུ་ཁར་དབོར་བ་དེ་ཐོག་ནས“ཧྲན་ཀང་ཐུང”རིག་ནུས་བརྒྱུད་སྐྱེལ་ནང་འདྲེན་བྱེད་སྟངས་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། དཔེ་དབྱིབས་དེ་དང་དེ་གོང་ཤར་གཏོང་ཐུབ་པའི་ཕྱིར་གཏོང་དཔེ་དབྱིབས་ཕྱོགས་གཉིས་སུ་འབྲེལ་མཐུད་ཐུབ་ནས་ཧྲན་ཏུང་གྲུ་ཁའི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ནུས་པ་སྔར་བར་ཆེ་རུ་ཕྱིན་ཡོད།
འདི་ནི་ཟླ་4ཚེས་24ཉིན“ཧྲན་ཀང་ལུང་ཁོའུ”གྲུ་གཟིངས་ཧྲན་ཏུང་གྲུ་ཁའི་ཆིང་ཏའོ་གྲུ་ཁའི་ཆན་དབན་གྲུ་ཁར་ཁ་བཀག་ནས་དོས་སྒམ་འབེབས་འཇུག་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།