དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ཚོང་སྤྱོད་C919འགྲུལ་སྐྱེལ་གནམ་གྲུ་ཀོང་ཀྲོའུ་ནས་ཧོ་ཧྥེའི་ཚོང་ལས་མཁའ་ལམ་དུ་ཐེངས་དང་པོ་འཕུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-29

    ཟླ་4ཚེས་26ཉིན། ཀྲུང་གོའི་ཚོང་སྤྱོད་C919འགྲུལ་སྐྱེལ་གནམ་གྲུ་ཀོང་ཀྲོའུ་ནས་ཧོ་ཧྥེའི་ཚོང་ལས་མཁའ་ལམ་དུ་ཐེངས་དང་པོ་འཕུར་ཞིང་། C919ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་སྤེལ་བྱས་པ་དང་རང་བརྟེན་ཤེས་རིག་བདག་དབང་རྦད་དེ་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཤིག་རེད། རང་རྒྱལ་ནས་ཐོན་པའི་གནམ་གྲུ་ཆེ་གྲས་C919ཡིས་ཐོག་མའི་འཕུར་སྐྱོད་རྣམ་པ་ནས་རྒྱུན་རྣམ་ཅན་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་དུས་མཚམས་སུ་རིམ་བཞིན་སླེབས་ཡོད། ཧོ་ཧྥེའི་ཤིན་ཆའོ་གནམ་ཐང་ནི་ས་ཁོངས་ཀྱི་ལྟེ་བའི་གནམ་ཐང་ཡིན་པའི་ངོས་ནས་ད་ཐེངས་C919ཡི་ཀོང་ཀྲོའུ་རུ་འཕུར་བའི་མཁའ་ལམ་ཡག་ཤོས་མཁོ་འདོན་བྱས་པ་དེ་ནི་རང་རྒྱལ་ནས་ཐོན་པའི་གནམ་གྲུའི་འཁོར་རྒྱུག་ནུས་པར་ཁས་ལེན་བྱས་པ་ཞིག་རེད་ལ། ཧོ་ཧྥེ་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དབར་གྱི་མཁའ་དབྱིངས་བགྲོད་ལམ་ལ“རྒྱལ་ཟོག་གི་སྟོབས་ཤུགས”ཤིག་བསྣན་པའང་དེ་བས་མཚོན་ཡོད།

    འདི་ནི་ཟླ་4ཚེས་26ཉིན་ཨན་ཧུའེ་ཧོ་ཧྥེའི་ཤིན་ཆའོ་རྒྱལ་སྤྱིའི་གནམ་ཐང་དུ་ཀོང་ཀྲོའུ་ནས་ཧོ་ཧྥེར་འཕུར་བའི་ཀྲུང་གོའི་ཚོང་སྤྱོད་C919འགྲུལ་སྐྱེལ་གནམ་གྲུ“ཆུ་སྒོ་སྒྲོལ”བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།