དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་ཚུངས་ལས་15.5%འཕར་བ།
ཚེས་27ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་16960.4ཟིན་པ་དེ་དུས་མཚུངས་ལས་15.5%འཕར་བ་དང་། ཟླ་བ་གསུམ་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་15.8%འཕར་ཡོད། སྤྱི་ཡོངས་ནས་བལྟས་ཚེ། བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་བསྐྱར་འཕར་བྱུང་སྟེ་བཟོ་ལས་ཁེ་ལས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད།
སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་དུ་ཕྱིན་ཞིང་། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་21.0%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་6.8འཕར་བར་སྐུལ་ཁྲིད་ཐུབ་པ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་ཁྲོད་བཟུང་བའི་བསྡུར་ཚད་33.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.7འཕར་ཡོད། ལས་རིགས་ཀྱི་ངོས་ནས་བལྟས་ཚེ། དུས་ཚིགས་དང་པོར་གློག་རྡུལ་ལས་རིགས་ལ་ཐོན་སྐྱེད་ཅུང་ལེགས་པ་དང་རིན་གོང་བསྐྱར་འཕར་སོགས་རྒྱུ་རྐྱེན་དབང་གིས་སྐུལ་ཁྲིད་བྱས་པ་བརྒྱུད་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་124.5%འཕར་ཡོད། དེ་ནི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་བར་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་པ་དང་། ལྕགས་ལམ་གྲུ་གཟིངས་དང་། མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་16.7%འཕར་ཡོད།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་ཞིང་། དུས་ཚིགས་དང་པོར་གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་47.4%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་7.9འཕར་བར་སྐུལ་ཁྲིད་ཐུབ་ཡོད། ལས་རིགས་ཀྱི་ངོས་ནས་བལྟས་ཚེ། མི་ཐབས་རིག་ནུས་དང་གློག་འདྲེན་ཕྱེད་གཟུགས་ཀྱི་འབྲེལ་ཡོད་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་འོད་ཁྲིད་ཚི་སྐུད་བཟོ་སྐྲུན་དང་། འོད་གློག་རྡུལ་གྱི་ལྷུ་ལག་བཟོ་སྐྲུན། འཆར་ཆས་ལྷུ་ལག་གི་བཟོ་སྐྲུན་བཅས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་336.8%དང་། 43.0% 36.3%བཅས་སོ་སོར་འཕར་བར་སྐུལ་ཁྲིད་ཐུབ་པ་དང་། རིག་ནུས་ཅན་གྱི་ཐོན་རྫས་ཀྱི་དགོས་མཁོ་ཡང་ཆེ་རུ་ཕྱིན་ནས་རིག་ནུས་མི་མེད་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན་དང་རིག་ནུས་འཛད་སྤྱོད་སྒྲིག་ཆས་གཞན་དག་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་53.8%དང་67.3%སོ་སོར་འཕར་ཡོད། ལྗང་མདོག་བཟོ་སྐྲུན་ལས་རིགས་ཀྱི་ཕན་འབྲས་ལེགས་སུ་ཕྱིན་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆེད་སྤྱོད་དཔྱད་ཆས་དང་། དཔྱད་ཆས་བཟོ་སྐྲུན་དང་ལིས་གྱེས་རྡུལ་གློག་རྫས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་100.0%དང་25.0%སོ་སོར་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།