ཟླ་བ་3པའི་ཟླ་མཇུག་ཏུ་རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་དུས་མཚུངས་ལས་15.5%འཕར་བ།
གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་བ་3པའི་ཟླ་མཇུག་ཏུ་རིམ་རྩིས་བརྒྱབ་ན་རྒྱལ་ཡོངས་སུ་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་39.6ཟིན་པ་དེ་དུས་མཚུངས་ལས་15.5%འཕར་ཞིང་། དེའི་ནང་། ཉི་ནུས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་12.4ཟིན་པ་དེ་དུས་མཚུངས་ལས་31.3%འཕར་བ་དང་། རླུང་གློག་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་6.6ཟིན་པ་དེ་དུས་མཚུངས་ལས་22.4%འཕར་ཡོད་པ་རེད།
རང་རྒྱལ་གྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད་པས་ལྗང་མདོག་གློག་ཤུགས་མཁོ་འདོན་བྱེད་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ཞིང་། ཟླ་བ་2པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་23.81ཟིན་པ་དེས་རྒྱལ་ཡོངས་ཀྱི་གློག་ཤུགས་གློག་འདོན་འཕྲུལ་འཁོར་བསྡོམས་འབོར་གྱི་60.3%བཟུང་བ་དང་། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་4497མང་དུ་ཕྱིན་པ་དེས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་མང་དུ་ཕྱིན་པའི་བསྡོམས་འབོར་གྱི་68.4%བཟུང་བ། གློག་འདོན་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་5707ཟིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་34.5%བཟུང་བ་བཅས་ལས་ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་གྱི་འདེགས་སྐྱོར་ནུས་པ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཉེ་ཆར་ཚོགས་འདུ་འཚོགས་ནས་ནན་བཤད་བྱས་དོན། སྤྱི་འདོམས་མཉམ་ལས་བྱས་ནས་ནུས་རྒྱུ་གསར་པ་འདྲེན་སྤྱོད་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས། ས་གནས་ཀྱི་ནུས་རྒྱུ་གཙོ་འགན་སྡེ་ཚན་ཁག་གིས་ཕྱི་འདྲེན་གློག་ཤུགས་དང་ས་གནས་དེ་གའི་ནུས་རྒྱུ་གསར་པའི་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བྱེད་པ་དང་། ཡུན་རིང་གློག་ཉོའི་གྲོས་མཐུན་ཁ་ཆད་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། ནུས་རྒྱུ་གསར་པའི་གློག་ཚད་འདྲེན་སྤྱོད་ཀྱི་སྔོན་དཔག་བརྟན་པོ་ཡོང་བར་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།