དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ནས་རྒྱུད་བཟང་གསོ་བར་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    ཉེ་ཆར། ལྷུན་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུས(ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས)ཀྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཕྱུགས་རིགས་སྨན་བཅོས་ཞིབ་འཇུག་སུའོ་དང་མཉམ་དུ་རི་རོང་ཤང་དང་། རི་ཐང་གྲོང་རྡལ། ཞོལ་གསར་ཤང་བཅས་ཀྱི་གཙོ་གནད་གྲོང་ཚོར་བསྐྱོད་དེ། བོད་ལུག་གི་རྒྱུད་འདྲེས་ལུ་གུར་ཚད་འཇལ་གཏན་འཁེལ་དང་། ལུ་གུ་སྐྱེ་བསུར་མཛུབ་ཁྲིད། དེ་བཞིན་རྣམ་གྲངས་འབྲེལ་མཐུད་བཅས་ཀྱི་ལས་དོན་སྤེལ་ནས། ལུ་གུ་མང་པོ་བཙའ་བའི་རྒྱུད་བཟང་བོད་ལུག་གསོ་ཚགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    འདི་ནི་ལས་དོན་པས་ས་གནས་དེ་གའི་རྒྱུད་བཟང་བོད་ལུག་རྣམ་གྲངས་ཀྱི་གྲངས་གཞི་འཚོལ་སྡུད་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།