དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་གིས།

    གཤེར་གྱུར་སོལ་རླངས་བླུག་སྣོད་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    འདི་ནི་ལྷུན་གྲུབ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སོལ་རླངས་བླུགས་སའི་ས་ཚིགས་སུ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ། མང་ཚོགས་ཀྱིས་གླེང་མང་བའི་གཤེར་གྱུར་སོལ་རླངས་བླུག་སྣོད་དུ་རྒྱ་མ་མི་ལོན་པ་དང་། རིན་གོང་ཁ་གསལ་མིན་པ། སྡེབ་སྐྱེལ་བྱེད་སྟངས་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་སོལ་རླངས་བླུག་སྣོད་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་དེ་ནི་ཁོངས་གཏོགས་ཁུལ་གྱི་སོལ་རླངས་བླུགས་སའི་ས་ཚིགས་དང་དེ་བཞིན་སྡེབ་སྐྱེལ་གྱི་བརྒྱུད་རིམ་ཧྲིལ་པོར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་པ་རེད། ཁྲིམས་སྒྱུར་མི་སྣས་གཉེར་སྐྱོང་ཚན་པས་རིན་གོང་གསལ་པོ་བཀོད་ཡོད་མེད་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཏེ། གཏན་འབེབས་ལྟར་རིན་གོང་ཁ་གསལ་བཀོད་མེད་པ་དང་། ཐབས་ལམ་བསྒྱུར་ནས་རིན་གོང་སྤོར་བ། རིན་གོང་ཧམ་པ་ཤོད་པ་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་ཁྲོམ་རའི་རིན་གོང་གི་སྒྲིག་ལམ་བརྟན་པོ་ཡོང་བར་བྱས་པ་དང་། རྒྱ་མ་མི་ལོན་པ་དང་ཚད་གཞི་ཚད་ལྡན་མིན་པ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ལ་བཅོས་སྒྲིག་ནན་པོ་བྱས་ནས། དམངས་འཚོའི་ཚད་འཇལ་གྱི་མཐའ་ཚད་ནན་པོ་བསྲུངས་པ་རེད། སྡེབ་སྐྱེལ་མི་སྣའི་འོས་ཐོབ་དང་སྡེབ་སྐྱེལ་གྱི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་སྒྲིག་འགལ་ངང་སྡེབ་སྐྱེལ་དང་རང་དགར་རིན་གོང་སྤོར་བ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་གཏན་འགོག་བྱས་པ་རེད།

    ཁྲིམས་སྒྱུར་བས་ཤེས་རྟོགས་བྱུང་བའི་གནད་དོན་ས་གནས་ས་ཐོག་ཏུ་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་དང་ཆབས་ཅིག གཉེར་སྐྱོང་མཁན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་ཁ་དན་ཚིག་གནས་ངང་གཉེར་སྐྱོང་ཚད་ལྡན་བྱེད་པར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།