དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་སེམས་དྲོད་སོལ་རླངས་ཚ་ཤུགས་ཚད་ཡོད་ཀུང་སིས།

    རང་བྱུང་སོལ་རླངས་ཀྱི་བདེ་འཇགས་སྐོར་གྱི་ཆེད་དོན་སྒྲོག་འགྲེལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-29

    སྡེ་ཁུལ་གྱི་སོལ་རླངས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སོལ་རླངས་སྤྱོད་པའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ནུས་ལྡན་ངང་བསལ་ནས། གཞི་རིམ་ལས་དོན་པའི་བདེ་འཇགས་འགན་སྒྲུབ་དང་མངོན་མེད་རྐྱེན་ངན་ཐག་གཅོད་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སེམས་དྲོད་སོལ་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས་ཆེད་ལས་སྒྲོག་འགྲེལ་ཚོགས་པ་བཙུགས་ནས། ཁྲེང་ཀོན་ཆུས་གྲྭ་བཞི་གྲོང་གསར་གྱི་སྡེ་ཁུལ་མང་ཚོཌ་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་སྡེ་ཁུལ་གྱི་ལས་དོན་པ་དང་དྲ་མིག་པ་དང་མཉམ་དུ་རང་བྱུང་སོལ་རླངས་བདེ་འཇགས་ཀྱི་ཆེད་དོན་སྒྲོག་འགྲེལ་གསོ་སྦྱོང་བྱས་པ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་དེ་སྡེ་ཁུལ་གྱི་སོལ་རླངས་སྤྱོད་པའི་བདེ་འཇགས་ལས་དོན་གྱི་དོན་དངོས་ལ་དམ་པོར་དམིགས་ནས། གནད་སྨིན་ཅན་དང་། ཆེད་ལས་ཅན། བཀོལ་སྤྱོད་ཅན་བཅས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་རྐང་འཛིན་པ་30ལྷག་ཙམ་ལ་ཕྱོགས་ཏེ་བརྒྱུད་རིམ་ཅན་གྱི་ཆེད་དོན་གསོ་སྦྱོང་བྱས་ཤིང་། སྒྲོག་འགྲེལ་པས་སྡེ་ཁུལ་གྱི་སོལ་རླངས་བདེ་འཇགས་ཀྱི་གཙོ་གནད་དང་ཉམས་ཞན་ལྷུ་ཚིགས་ལ་དམིགས་ནས། གྲོང་མིའི་རྒྱུན་གཏན་གྱི་སོལ་རླངས་སྤྱོད་པའི་རྣམ་པ་དང་ཟུང་འབྲེལ་དམ་ཟབ་ཀྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སོལ་རླངས་བདེ་འཇགས་ཀྱི་ཆེད་ལས་ཤེས་བྱ་དང་བཀོལ་སྤྱོད་རྩལ་ནུས་གསལ་འགྲེལ་དང་། རྒྱུན་མཐོང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དབྱེ་འབྱེད་དང་། གཙོ་གནད་མི་ཚོགས་ཀྱིས་སོལ་རླངས་སྤྱོད་པར་དོ་དམ་ཚོད་འཛིན། རྒྱུན་གཏན་གཙོ་གནད་དུ་སྐོར་ཞིབ་གྲལ་བཤེར་བྱེད་ས་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གསལ་འགྲེལ་ཞིབ་ཚགས་བྱས་པ་མ་ཟད། ས་གནས་དེ་གའི་བདེ་འཇགས་ཐད་ཀྱི་དཔེ་མཚོན་བརྒྱུད་ཉེན་ཁ་འབྱུང་རྐྱེན་དང་གནོད་འཚེའི་མཇུག་འབྲས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་གཞི་རིམ་ལས་དོན་པའི་བདེ་འཇགས་འགོག་ཟོན་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ཡོད།

    བྱེད་སྒོའི་ཐོག་རིགས་པའི་གཞུང་ལུགས་གསལ་འགྲེལ་དང་ལས་དོན་མཛུབ་ཁྲིད་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས། སྡེ་ཁུལ་གྱི་ལས་དོན་པ་དང་དྲ་མིག་པའི་སོལ་རླངས་བདེ་འཇགས་ཀྱི་ལས་སྒོའི་ཆུ་ཚད་དང་ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་ནུས་ཆེ་རུ་ཏན་ཏིག་བཏང་སྟེ། གཞི་རིམ་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྔར་བས་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།