འགྲམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ།
ཉེ་ཆར། འགག་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱུང་རྗེས་བོད་ལྗོངས་འགྲམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་100ལྷག་ཙམ་ཟིན་ཡོད་པ་རེད།
འགྲམ་འགག་སྒོ་ནི་རང་རྒྱལ་དང་ནེ་པ་ལ་དབར་གྱི་སྐམ་ལམ་འགག་སྒོ་ཆེ་ཤོས་ཡིན་ཞིང་། 2015ལོའི་ནེ་པ་ལའི“4·25”རིམ་པའི་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས་འགག་སྒོ་2023ལོའི་ཟླ་བ་9པར་གཞི་ནས་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཡོད། ད་ལོའི་ཟླ་4ཚེས་20ཉིན་བར། རིམ་རྩིས་བརྒྱབ་ན་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་100ལྷག་ཙམ་ཟིན་པ་དེ་ཐོག་ནས་འགྲམ་འགག་སྒོའི་ཕྱི་ཕྱོགས་སྒོ་དབྱེ་སྐས་རིམ་གསར་པར་སླེབས་པ་མཚོན་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།