དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཆུ་བོ་ཞིག་སླར་ཡང་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་དང་མཚོའི་མིང་གཞུང་ནང་ཚུད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

    ཟླ་4ཚེས་20ཉིན《ནོར་སྲིད་པུའུ་ཡིས་བཀྲམ་པའི་2026ལོའི་ཆུ་བེད་འཕེལ་རྒྱས་མ་དངུལ་སྔོན་རྩིས་ཀྱི་བརྡ་ཐོ》གཞིར་བཟུང་། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ནན་ཁྲོན་ཆུ་བོ་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་དང་མཚོའི་འཛུགས་སྐྲུན་རྣམ་གྲངས་ཀྱི་མིང་གཞུང་ནང་ཚུད་ཅིང་། 2025ལོར་སྟོང་སྐོར་རྫོང་གི་ཡོ་ཧྲུས་ཆུ་བོ་དང་མདོ་ལ་རྫོང་གི་བཙུན་མོ་གཞོང་ཆུ་བོ་ལེགས་གྲུབ་ལྡན་པའི་སྒོ་ནས་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་དང་མཚོའི་རྣམ་གྲངས་ལ་རེ་ཞུ་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི་ཆུ་བོ་དང་མཚོ་བཅོས་སྐྱོང་དང་བདེ་སྐྱིད་ཆུ་དང་མཚོ་འཛུགས་སྐྲུན་གྱི་ལས་དོན་ལ་སླར་ཡང་རྒྱལ་ཁབ་རིམ་པའི་རྣམ་གྲངས་གསར་སྣོན་དང་ཆུ་བེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་གོམ་སྟབས་བརྟན་པོ་སྤོས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་1.34བཏང་ནས་ཆུ་རྒྱུད་འབྲེལ་མཐུད་དང་། ཆུ་ངོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་། ས་དབྱིབས་སླར་གསོ། ཆུའི་རིག་གནས་རིམ་སྤོར་དང་རིག་ལྡན་ཆུ་བེད་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་གཙོ་གནད་དུ་ལག་བསྟར་བྱ་རྒྱུ་དང་འབྲེལ་ཆུ་འགྲམ་གྱི་སྔོ་ལྗང་བགྲོད་ལམ་དང་། ཆུ་རྒྱུད་ཀྱི་རྐང་ལམ། བསིལ་ཁང་། གདུང་འདེགས་འཕྲང་ལམ་སོགས་དམངས་ཕན་སྒྲིག་བཀོད་གསར་དུ་བསྐྲུན་ནས་ཆུ་བོའི་སྐྱེ་ཁམས་ལེགས་བཅོས་དང་ཆུ་རྒྱུད་ཀྱི་སྡོད་མལ་ཁོར་ཡུག་སྔར་བས་ལེགས་སུ་གཏོང་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས་ནན་ཁྲོན་ཆུ་བོའི་ཆུ་སྐྱོན་འགོག་སྲུང་དེ་བས་བརྟན་པོ་དང་། ཆུའི་ཁོར་ཡུག་དེ་བས་ལེགས་པ། ཆུའི་སྐྱེ་ཁམས་དེ་བས་སྐྱོན་བྲལ། ཆུའི་དོ་དམ་དེ་བས་རིག་ལྡན། ཆུའི་ཉམས་ལེན་དེ་བས་སྐྱིད་སྣང་དོད་པ་སོགས་རིམ་སྤོར་ཆེན་པོ་དྲུག་མངོན་འགྱུར་ཐུབ་རྒྱུ་རེད།

    ད་ཕན་ལོ་ཤས་རིང་། མཚོ་སྔོན་གྱིས་བདེ་སྐྱིད་ཆུ་དང་མཚོ་གཏོད་རྒྱུ་དེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ“ཆུ་མོ་ཤར་གཏོང་དང་། ཆུ་མོ་དྭངས་གཙང་། ཐོན་ལས་དར་བ། མང་ཚོགས་ཕྱུག་པ”བཅས་ཀྱི་དམིགས་ཚད་ལ་གཞིགས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་འཛུགས་སྐྲུན་གྱི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་ནས་འཆར་འགོད་ནས་དཔྱད་དཔོག་བར་གྱི་འཁོར་འབྲེལ་ཧྲིལ་པོའི་དོ་དམ་ལམ་སྲོལ་ཆགས་པར་བྱས་ཐོག ཆུ་བོ་དང་མཚོ་116སྐྱོན་བྲལ་ཡིན་པའི་གདེང་འཇོག་བྱས་པ་དང་འབྲེལ“སྐྱོན་བྲལ་ཡིག་ཚགས”བཟོས་ཏེ“ཆུ་དཔོན་དང་མཚོ་དཔོན་+”མཉམ་ལས་དང་། ས་མཚམས་བརྒལ་བའི་ཆུ་དང་མཚོ་མཉམ་འགོག་དང་མཉམ་དུ་ཚོད་འཛིན། ཆུ་དཔོན་དང་མཚོ་དཔོན་གྱི་འགུལ་རྣམ་ལེགས་སྒྲིག ལས་དོན་ལ་སྐུལ་གཏོང་དང་རྒྱབ་སྐྱོར་སོགས་ཀྱི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་པར་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་དང་། ཆུ་བཅོས་རྣམ་གྲངས། རིག་གནས་ཐོན་ལས་བཅས་ཐད་ནས་བདེ་སྐྱིད་ཆུ་དང་མཚོ་སྐྲུན་པར་གཟིགས་སྐྱོང་ཐུབ་ཡོད། དུས་མཚུངས《མཚོ་སྔོན་ཞིང་ཆེན་གྱི་བདེ་སྐྱིད་ཆུ་དང་མཚོ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི(2025-2030ལོ་བར)》བཀྲམ་ནས་སྐས་རིམ་འབྲེལ་མཐུད་ཀྱི་རྣམ་གྲངས་གྲབས་གསོག་མ་ལག་གྲུབ་པ་རེད། ལོ་གསུམ་རིང་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་པེ་ཁྲོན་ཆུ་བོ་དང་མཚོ་སྔོན་པོ་སོགས་ཞིང་ཆེན་རིམ་པའི་བདེ་སྐྱིད་ཆུ་དང་མཚོ(དུམ་བུ)100བཏོད་པ་དེ་དག་གྲོང་ཁྱེར་དང་ཀྲོའུ་8ཀྱི་རྫོང་45ལ་ཁྱབ་ནས་མང་ཚོགས་ཀྱིས་ཆུ་དང་མཚོའི་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།