དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་ནགས་རྩྭ་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

    ཟླ་4ཚེས་20ཉིན་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཞིང་ཆེན་ཡོངས་ཀྱིས“ཤར་རྒྱུད་ཀྱི་གླ་ཚེར་དང་། ནུབ་རྒྱུད་ཀྱི་སྨན་རྩྭ། ལྷོ་རྒྱུད་ཀྱི་བོད་ཇ། རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་སྣ་མང་ཤིང་འབྲས”བཅས་ཀྱི་ཐོན་ལས་འཕེལ་རྒྱས་བཀོད་སྒྲིག་ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོའི་ཆ་རྐྱེན་དུ་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་སྒུལ་ཤུགས་སུ་བྱེད་པ། ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོ་རིམ་སྤོར་བྱ་རྒྱུ་ཐབས་ལམ་དུ་བྱེད་པ་བཅས་བྱས་ཏེ་ནགས་རྩྭ་ཐོན་ལས་དེ་གཞི་ཁྱོན་དང་གྲངས་འབོར་ནས་སྤུས་ཚད་དང་ཕན་འབྲས་ལ་འགྱུར་བར་སྐུལ་འདེད་བཏང་སྟེ་འཁོར་འབྲེལ་ཧྲིལ་པོའི་ཕྱོགས་སྒྱུར་རིམ་སྤོར་ཐུབ་པ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

    ཁྱད་ལྡན་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་དམིགས་ནས་ཡུལ་དེ་གའི་ལེགས་ལྡན་ཁྱད་ལྡན་ཐོན་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ། དམའ་རིམ་ཐོན་རྫས་མཁོ་སྤྲོད་བྱེད་པ་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ལས་སུ་མཆོང་སྐྱོད་ཐུབ་པ་བྱ་རྒྱུ་དང་། དབྱར་རྩྭ་དགུན་འབུའི་ཐོན་ལས“དབྱེ་འབྱེད་དང་། ཁྲིམས་འཛུགས། ཞིབ་སྤེལ”བཅས་ཕྱོགས་གསུམ་གཞི་གཅིག་གི་འཐབ་ཇུས་ལག་བསྟར་དང་། གླ་ཚེར་འཐུ་བའི་རྟེན་གཞི་ཚད་ལྡན་ཅན་འཛུགས་སྐྲུན་དང་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། “རྟེན་གཞི་དང་། མཉམ་ལས་ཁང་། ཁེ་ལས”བཅས་ཟུང་འབྲེལ་གྱི་རྣམ་པ་གཏིང་ཟབ་ཏུ་གཏོང་བ། ཐོན་འབབ་དམའ་བའི་ནགས་ཚལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་དང་བོད་ལུགས་སྨན་རྒྱུའི་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་དང་། ཞིབ་ཚགས་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་སྒྱུར་བཀོད། ཐོན་རྫས་ཞིབ་སྤེལ་དང་སྤུས་རྟགས་སྐྱེད་སྲིང་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱ་རྒྱུ་རེད། དེ་དང་ཆབས་ཅིག མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ནགས་ས་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་དང་རྩོད་གཞི་འདུམ་འགྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཉམ་སྡེབ་ནགས་རྩྭའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་ཕན་སྒྱུར་བྱེད་པ། ཁ་ཐོར་དུ་ཁྱབ་པའི་མཉམ་སྡེབ་ནགས་ཚལ་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ཏེ་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱ་རྒྱུ་མ་ཟད། སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ནུས་པ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤྱི་ཕན་ནགས་ཚལ་དུ་ནགས་ཁྲོད་འདེབས་འཛུགས་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཤིང་རྒྱུ་མིན་པའི་བེད་སྤྱོད་འོས་འཚམ་བྱ་རྒྱུའི་ཚོད་ལྟ་བྱེད་པ། “གླ་ཚེར་འཐུ་སའི་རྟེན་གཞི་དང་། ནགས་ཁྲོད་གསོ་སྤེལ། ནགས་ཁྲོད་སྤྲོ་སྐྱིད་ཁང”སོགས་ནགས་ཁྲོད་དཔལ་འབྱོར་ཕྱོགས་བསྡུས་སྒྲིག་གཞིའི་རྣམ་པ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་།“སྐྱེ་ཁམས་དང་། ཐོན་ལས། དམངས་འཚོ”བཅས་ཕྱོགས་གསུམ་གཞི་གཅིག་གི་འཕེལ་རྒྱས་གཏོང་སྟངས་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།