དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཀེ་རི་སེའི་གནའ་རྫས་རྟོག་ཞིབ་ཀྱི་མཉམ་ལས་རྣམ་གྲངས་ཐོག་མ་དངོས་སུ་སྤེལ་འགོ་ཚུཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

    ཀེ་རི་སེར་གནས་པའི་ཀྲུང་གོའི་གནའ་གཞུང་ཤེས་དཔལ་ཞིབ་འཇུག་ཁང་གི་གནའ་རྫས་རྟོག་ཞིབ་ཀྱི་མཉམ་ལས་རྣམ་གྲངས་ཐོག་མ་ཡིན་པའི་ངོས་ནས། ཨན་ཅེ་ལུའོ་ཁ་སི་ཐེ་ལུའོ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཚེས་24ཉིན་ཀེ་རི་སེའི་རྒྱལ་ས་ཨ་ཐེན་སི་རུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་དེ་ནི་2024ལོའི་ལོ་མཇུག་ཏུ་ཨ་ཐེན་སིར་ཀྲུང་གོའི་གནའ་གཞུང་ཤེས་དཔལ་ཞིབ་འཇུག་ཁང་བཙུགས་རྗེས། ཀེ་རི་སེ་ཕྱོགས་དང་མཉམ་ལས་བྱས་པའི་རྣམ་གྲངས་ཐོག་མ་དེ་རེད། རྣམ་གྲངས་གནས་སའི་ཨེ་ཐུའོ་ལི་ཡ-ཨ་ཁ་ན་ཉི་ཡ་ས་ཁུལ་ནི་དུས་རབས་19པ་ནས་བཟུང་ཀེ་རི་སེའི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཐད་ཀྱི་ས་ཁོངས་གལ་ཆེན་ཞིག་ཡིན་པ་དང་། དམིཌ་བསལ་གྱི་ལོ་རྒྱུས་དོན་སྙིང་ལྡན།

    འགོ་འཛུགས་མཛད་སྒོའི་ཐོག་ཀྲུང་གོའི་གནའ་གཞུང་ཤེས་དཔལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་ཤིན་ཝེ་ཡིས། 2025ལོར། གནའ་གཞུང་ཁང་གི་ལས་དོན་པས་ཀེ་རི་སེའི་ས་ཆ་མང་པོའི་རིག་དངོས་དོ་དམ་ཅུས་སུ་བསྐྱོད་ནས་གནའ་ཤུལ་50ལྷག་ཙམ་ལ་རྟོག་ཞིབ་བྱས་ཤིང་། མཐར་ཀེ་རི་སེ་རིག་གནས་པུའུ་དང་ཀེ་རི་སེ་ཕྱོགས་ཀྱི་མཁས་དབང་ཚོའི་རྒྱབ་སྐྱོར་འོག་ཨན་ཅེ་ལུའོ་ཁ་སི་ཐེ་ལུའོ་ཉིད་ཡུལ་དངོས་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཐོག་མར་བརྩིས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སློབ་སྦྱོང་དང་། མཉམ་ལས། མཉམ་སྤྱོད་བཅས་ཀྱི་རྣམ་འགྱུར་ཐོག་ནས་རྣམ་གྲངས་ནང་ཞུཌ་ཏེ་ཤར་ཕྱོཌ་དང་ནུབ་ཕྱོགས་ཀྱི་ཤེས་དཔལ་བསྡུར་དཔྱད་ཞིབ་འཇུག་ཐད་ཀྱི་ཞིབ་འཇུག་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་ཡོད།

    ཀེ་རི་སེའི་རིག་གནས་པུའི་འཐུས་མི་ཁང་སི་ཐན་ཏིང་ན·པེ་ཉི་ཤིས་ཀྱིས། ཨན་ཅེ་ལུའོ་ཁ་སི་ཐེ་ལུའོ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ནི་ཀེ་རི་སེ་རིག་གནས་པུའུ་དང་ཀྲུང་གོའི་གནའ་གཞུང་ཤེས་དཔལ་ཞིབ་འཇུག་ཁང་གིས་མ་ལག་རང་བཞིན་གྱི་ཞིབ་འཇུག་མཉམ་ལས་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཕྱོགས་གཉིས་པོས་རིག་ཚན་ལས་བརྒལ་བའི་བྱེད་ཐབས་དང་དེང་རབས་ལག་རྩལ་ལ་བརྟེན་ནས་རྣམ་གྲངས་ལ་གྲུབ་འབྲས་གཡུར་དུ་ཟ་བ་འཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཏང་ཨུད་ཀྱི་ཧྲུའུ་ཅི་མེ་ཀྲུང་ཐང་གིས། ཀྲུང་གོ་དང་ཀེ་རི་སེའི་ཨན་ཅེ་ལུའོ་ཁ་སི་ཐེ་ལུའོ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ནི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཞིབ་འཇུག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད་ཅེས་བརྗོད་ཅིང་། ཁོང་གིས་ཕྱོགས་གཉིས་པོས་རྣམ་གྲངས་དེ་གོ་སྐབས་སུ་བྱས་ནས་སྒྲིག་གཞིའི་མཉམ་ལས་ཟབ་ཏུ་གཏོང་བ་དང་། བསྡུར་དཔྱད་ཞིབ་འཇུག་ལ་སྐུལ་འདེད་གཏོང་བ། དམངས་ཚོགས་ཀྱི་ཁྱབ་སྤེལ་ལ་ཤུགས་སྣོན་བཅས་བྱས་ཏེ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེའུ་གསར་པ་མཉམ་དུ་རྩོམ་དགོས་པའི་གྲོས་འགོ་ཡང་བཏོན་པ་རེད།

    ཀྲུང་གོ་སྤྱི་ཚོཌ་ཚན་རིག་ཁང་དང་། ཀེ་རི་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་། ཨ་ཐེན་སི་ཚན་རིག་ཁང་བཅས་དང་དེ་བཞིན་ཀེ་རི་སེའི་མཐོ་སློབ་མང་པོའི་འཐུས་མི་དང་། གནའ་རྫས་རྟོག་ཞིབ་ལས་རིཌ་ཀྱི་རིགས་གཅིག་མཁས་ཅན་བྱེད་སྒོར་ཞུཌ་པ་དང་འབྲེལ་རིག་གཞུང་བགྲོ་གླེང་ཡང་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།