དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་རྣམ་གྲངས་ཀྱིས་ཐན་ཙན་ནི་ཡའི་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-28

    ཉིན་ཤས་གོང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཀུང་སིས་སྐྲུན་འགན་འཁུར་བའི་ཐན་ཙན་ནི་ཡའི་ཏ་རེ་སི་ས་ལམ་མྱུར་བགྲོད་སྤྱི་སྤྱོད་འགྲིམ་འགྲུལ་གྱི་དུས་ཐེངས་གསུམ་པའི་རྣམ་གྲངས་ཀྱི་དུམ་བུ་དང་པོ་ལེགས་གྲུབ་ཟིན་པ་དང་། རྣམ་གྲངས་དེ་ནི་ཉི་ལེར་རྒྱལ་སྤྱིའི་གནམ་ཐང་དང་ཏ་རེ་སི་ས་ལམ་གྲོང་ཁུལ་དང་འབྲེལ་མཐུད་བྱས་ཏེ། ཐན་ཙན་ནི་ཡའི་གྲོང་ཁྱེར་གྱི་འགྲིམ་འགྲུལ་གྲུབ་ཆ་ལེགས་སུ་གཏོང་བ་དང་གྲོང་མིའི་འགྲོ་སྐྱོད་ལས་ཆོད་ཆེ་རུ་གཏོང་བའི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་རེད། རྣམ་གྲངས་འཛུགས་སྐྲུན་གྱི་འགག་རྩའི་དུས་སུ་ས་གནས་དེ་གར་ལས་ཞུགས་ལས་གནས་1200ལྷག་ཙམ་མཁོ་འདོན་ཐུབ་སྟེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།